མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར10ལྷག་སྔོན་སྤྲོད་བྱས་ནས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-07-01 11:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར10.73སྔོན་སྤྲོད་བཏང་ནས་གཙོ་བོ་མཚོ་སྔོན་གྱི་ཟི་ལིང་མེ་འཁོར་འབབ་ཚིགས་དང་གཏེར་ལེན་ཁ་དམངས་སྤྱོད་གནམ་གྲུ་འབབ་ཚིགས། ཧྲི་ཐོའུ་འགག་ཆུ་གློག་ས་ཚིགས་བཟོ་འགོད་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་ཐད་ལ་བཀོལ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་བདེ་ཐང་གིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།

ཐེངས་འདིར་སྔོན་སྤྲོད་བྱས་པའི་མ་དངུལ་ནི་ད་ལོར་མཚོ་སྔོན་གྱི་དཔལ་འབྱོར་གནོན་ཤུགས་ཇེ་ཆེར་སོང་བ་དང་ནོར་སྲིད་ཡོང་སྒོ་དམའ་བ། ནོར་སྲིད་འགྲོ་སོང་དང་ཡོང་སྒོ་ལ་འབུར་ཐོན་གྱི་གནད་དོན་གནས་པའི་གནས་ཚུལ་འོག་སྔོན་སྤྲོད་བྱས་ཤིང་། ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཆེན་ཡོངས་ཀྱི་གནས་བབ་དབྱེ་ཞིབ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། དངུལ་གཏོང་ལ་སྐུལ་འདེད་དང་འཕེལ་རྒྱས་བརྟན་བརླིང་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེས་གཙོ་གནད་ལས་གཞིའི་མ་དངུལ་གྱི་དགོས་མཁོ་ལ་འགན་སྲུང་བྱས་ཏེ། གཙོ་གནད་ལས་གཞིའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གྱི་ནུས་པ་ཐོན་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག