མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར1ལྷག་བཏང་ནས་ཞིང་ཕྱུགས་ལས་ཀྱི་ཉེན་བྱོལ་འགན་སྲུང་མ་དངུལ་ཁ་གསབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-07-01 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཉེན་བྱོལ་འགན་སྲུང་མ་དངུལ་གཏང་ཚད་དུས་མཉམ་ལས་སུམ་ཆའི་གཅིག་ཡན་འཕར་ནས་སྒོར་ཁྲི11445ལ་སླེབས།

ཕན་ནུས་ལྡན་པའི་སྒོ་ནས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཐད་གནས་པའི་ཉེན་ཁ་འགོག་པ་དང་། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་བརླིང་ངང་ཇེ་མཐོར་གཏོང་ཆེད། མཚོ་སྔོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་རང་བཞིན་གྱི་ཞིང་ཕྱུགས་ལས་ཀྱི་ཉེན་བྱོལ་འགན་སྲུང་ཁ་གསབ་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་ཞིང་ཕྱུགས་ལས་ཀྱི་འགན་སྲུང་ཁྱབ་རྒྱ་ཇེ་ཆེར་བཏང་། འགན་སྲུང་ཁྱབ་ཡུལ་དེ་ན་ནིང་གི་རྫོང་དང་གྲོང་ཁྱེར17ནས་ད་ལྟ་རྫོང་དང་གྲོང་ཁྱེར27ལ་ཇེ་མང་དུ་བཏང་བ་དང་། འཆར་གཞི་ལྟར་ན་འགན་སྲུང་གི་རྒྱ་ཁྱོན་དེ་ན་ནིང་གི་མུའུ་ཁྲི150ནས་མུའུ་ཁྲི211ལ་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། འགན་སྲུང་གི་རིགས་སྣའང་ན་ནིང་གི་རིགས11ནས་རིགས13ལ་ཇེ་མང་དུ་བཏང་ཡོད་པ་མ་ཟད། གྲོ་དང་སྐེ་ཚེ། ནས། མ་རྨོས་ལོ་ཏོག ཡུངས་མ། རྒྱ་སྲན། སྔོ་ཚལ། གསོ་ཕག བཞོན་མ། བོད་ལུག འབྲི་མཛོ་སོགས་ཉེན་བྱོལ་འགན་སྲུང་གི་ཁ་གསབ་ཁྱབ་ཁོངས་ནང་བཞག་ཡོད།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ཆུའི་ཐོན་གསོ་སྤེལ་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ནས་གསོ་སྤེལ་ཁྱིམ་ཚང་གིས་ཐོན་སྐྱེད་བདག་གཉེར་གྱི་ཉེན་ཁ་ལྟོས་བཅས་ཀྱིས་ཇེ་མཐོར་ཕྱིན་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། མཚོ་སྔོན་ཞིང་ཕྱུགས་སྡེ་ཁག་གིས་ཆུའི་ཐོན་གསོ་སྤེལ་འགན་སྲུང་ཚོད་ལྟའི་ས་ཚིགས་བཙུགས་ཏེ། མཐོ་སྒང་གི་ཁྱད་ལྡན་ཆུའི་ཐོན་གསོ་སྤེལ་ལས་རིགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག