མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རྨ་ཆུའི་འགྲམ་རྒྱུད་ཀྱི་གནས་སྐོར་ལས་རིགས་ཇེ་རྒྱས་ཇེ་ལེགས་སུ་སོང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-01 10:58

111.jpg

222.jpg

333.jpg

444.jpg

555.jpg

666.jpg

777.jpg

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་ཞོང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་ཞིང་ཆེན་ཡོངས་ཀྱི་གནས་སྐོར་སྤྲོ་གསེང་བྱེད་ས་གསར་བསྐྲུན་བྱེད་པའི་དམིགས་འབེན་དམ་པོར་དམིགས་ནས། ཤུགས་ཆེན་པོས་གནས་སྐོར་རྫོང་གི་འཐབ་ཇུས་ལག་བསྟར་བྱས་པ་དང་། གནས་སྐོར་བྱེད་ས་གྲགས་ཅན་དང་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་བ། རིག་གནས་དྲིལ་སྒྲོག་བྱ་བར་དོ་སྣང་བྱས་ནས། གནས་སྐོར་ལས་རིགས་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད། ད་ལོར་རྫོང་ཡོངས་སུ་བསྡོམས་པས་གནས་སྐོར་པ་འབུམ་དགུ་དང་ཁྲི་དྲུག་སྟོང་བདུན་ལྷག་སྣེ་ལེན་བྱས་ནས། དུས་མཉམ་ལས་བརྒྱ་ཆའི་བཅོ་ལྔ་ཇེ་མང་དུ་སོང་བ་དང་། གནས་སྐོར་ལས་རིགས་ཀྱི་ཡོང་སྒོ་སྒོར་མོ་དུང་ཕྱུར་གཉིས་དང་ས་ཡ་བརྒྱད་བྱེ་བ་ལྔ་མངོན་འགྱུར་བྱས་ནས་དུས་མཉམ་ལས་བརྒྱ་ཆའི་སོ་གཉིས་ལྷག་འཕར།

    མ་དངུལ་སྒོར་ས་ཡ་བཞི་བཏང་ནས་པཎ་ཆེན་གྱི་གཤེགས་ཡུལ་དང་། བོད་རིག་པའི་སློབ་གླིང་། གནའ་བའི་མཆོད་རྟེན་སོགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་གནས་གནས་སྐོར་བྱེད་ས་དང་ཟ་ལར་རིགས་ཀྱི་མི་རིགས་སྲོལ་རྒྱུན་སོགས་གནས་སྐོར་བྱེད་ས་ཇེ་ལེགས་སུ་གཏོང་བའི་འཆར་གཞི་བཟང་བོ་འཐེན་ཞིང་། སྤྱིའི་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་བདུན་ཁྲི་བརྒྱད་བཏང་ནས་དུང་རི་ལྷ་མཚོའི་གནས་སྐོར་བྱེད་སའི་ཁོར་ཡུག་དང་རྨང་གཞི་སྒྲིག་ཆས་དང་ཆུ་མཛོད་ཀྱི་གྲུ་གཟེངས་ཀྱི་སྒྲིག་ཆས་སོགས་ཉམས་གསོ་བཟང་བོ་བྱས་ནས། གནས་སྐོར་ལས་རིགས་ཀྱི་ཁོར་ཡུག་སྔར་ལས་ཇེ་རྒྱས་ཇེ་ལེགས་བཏང་ནས་རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་གི་གནས་སྐོར་པ་མང་པོ་ས་དེར་གནས་སྐོར་བྱེད་པར་སྣེ་ལེན་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག