མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རིན་ཆེན་རྒྱལ་གྱིས་སྲིད་གྲོས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱས་ཀྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། སྲིད་གྲོས་བྱ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ཞེས་ནན་གྱིས་བསྟན།

རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ཆབ་སྲིད་ཀྱི་རང་རྟོགས་རང་བཞིན་དྲག་པོ་བཅངས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་སྐོར་གྱི་ཡིག་ཆ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་དེར་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད། བྱ་འགུལ་དེ་སྤེལ་བའི་དགོས་ངེས་རང་བཞིན་དང་དགོས་གཏུག་རང་བཞིན་ལ་གོ་བ་ཟབ་མོ་བླངས་ཏེ། ངོས་འཛིན་མཐོར་འདེགས་དང་བསམ་བློ་གཅིག་གྱུར་བྱས་ནས། སེམས་ཤུགས་ཡོད་དགུ་བྱ་འགུལ་དེའི་ཁྲོད་ཕུད་དེ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཀུན་སྤྱོད་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་བ་དང་། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་ལ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག