མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་མཉན་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་ཟི་ལིང་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས28ཉིན། མཚོ་སྔོན་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་མཉན་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕུན། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་མགོ་འཛིན་གཞོན་པ་ཁྲིན་ཁེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཅི་ཏིས་མཱ་ཅ་དང་། རྡོ་རྗེ་རབ་བརྟན། ཝང་ཞའོ་ཆིན། ཝང་ཞའོ། སུའུ་ཉིན། མའོ་ཞའོ་པིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་རིན་ཧྥུན་བཅས་ཚོགས་ཆེན་ལ་ཞུགས། ཁྲིན་ཁེ་དང་སུའུ་ཉིན་གཉིས་ཀྱིས་གཏམ་བཤད།

ཁྲིན་ཁེ་ཡིས་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ལས་དོན་ཐད་ལ་འཕེལ་རྒྱས་བྱུང་བར་གདེང་འཇོག་ཚད་མཐོན་པོ་བྱས། ཁོས་བཤད་རྒྱུར། དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། དབང་བོ་སྐྱོན་ཅན་གྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆར་ཁག་ཐེག་བྱེད་དགོས་པར་མ་ཟད། དབང་བོ་སྐྱོན་ཅན་རྩ་འཛུགས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། དབང་བོ་སྐྱོན་ཅན་ལས་དོན་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

སུའུ་ཉིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་བཟང་བོ་བཞག་པའི་རྒྱ་ཆེའི་དབང་བོ་སྐྱོན་ཅན་བྱ་བ་སྒྲུབ་མཁན་དང་། དབང་བོ་སྐྱོན་ཅན་ལས་དོན་ལ་སེམས་ཁུར་དང་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་མ་ལག་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ། དབང་བོ་སྐྱོན་ཅན་གྱི་བྱ་བ་དང་འཚོ་བའི་ཁྲོད་ཀྱི་གནད་དོན་གཙོ་བོར་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ཁེ་དབང་ལ་ཁག་ཐེག་བྱེད་པ་དང་། དབང་བོ་སྐྱོན་ཅན་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག