མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་གྲོས་དོན་སྐོར་གྱི་བསམ་འཆར་བསྡུ་ལེན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་གྲོས་དོན་ཐད་ནས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ཁག་གི་མི་སྣ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། ཝང་ཞའོ་ཆིན་དང་བསྟན་ཁོ་གཉིས་གྲོས་ཚོགས་སུ་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ལོ་ཧོས་ཉིན་གྱིས་ཐོག་མར་མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཁོས་ཚང་མས་རང་རང་གི་ལྟ་བ་དང་བསམ་འཆར་མང་པོ་འདོན་པར་རེ་བ་བཏོན།

གྲོས་ཚོགས་སྟེང་དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཀའོ་ཡུང་ལུང་དང་། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཁྲང་ཆིན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཀྲིག་ཕེན་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཁོ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་ཡིད་ཆེས་སློབ་གསོར་ཤུགས་སྣོན་པ་དང་། ཏང་ཡོན་གྱི་མང་ཚོགས་འབྲེལ་འདྲིས་ལམ་ལུགས་འཐུས་ཚང་དུ་གཏོང་བ། མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ། སྤྱི་པའི་རིག་གནས་སྒྲིག་ཆས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

ལོ་ཧོས་ཉིན་གྱིས་ཚང་མའི་གཏན་བཤད་ལ་ཉན་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚང་མར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཚང་མས་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་ཏེ། ཞིང་ཆེན་ཏང་ཨུས་ཚང་འཛོམས་གྲོས་ཚོགས་བཟང་བོར་ཚོགས་པར་རོགས་རམ་ཆེན་པོ་བྱས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག