མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-06-29 09:52

ཟླ6པའི་ཚེས27ཉིན། 2013ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན། ཞིང་ཆེན་སྲིད་གཞུང་གིས2013ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཧྲིན་ཀྲང་གཞོན་པ་ཁྲིན་ལིས་དཔའ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།

ཁྲིན་ལིས་དཔའ་ཡིས་བསྟན་དོན། ཧ་ཅང་ཛ་དྲག་ཡིན་པའི་ད་ལྟའི་ལས་ཞུགས་གནས་བབ་ལ་དམིགས་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་། སྲིད་ཇུས་དོན་འཁྱོལ་ཐད་ནས་དམ་འཛིན་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་སྲིད་ཇུས་ཀྱི་ཕན་འབྲས་འདོན་སྤྲོད་བྱེད་པ། ཚོང་རའི་སྙོམས་སྒྲིག་ལ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། ཧུར་ཐག་གིས་ལས་ཞུགས་ལམ་བུ་རྒྱ་བསྐྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱིས་དུས་སྐབས་དམ་འཛིན་གྱིས་སྤྱི་ཞབས་པ་དང་ལས་རིགས་སྡེ་ཁག་གི་ལས་བྱེད་མི་སྣའི་གདན་ཞུ་བྱ་བའི་ཐད་ནས་དམ་འཛིན་དང་། ཐབས་བརྒྱ་ཇུས་སྟོང་གིས་སློབ་ཆེན་སློབ་མའི་སྡེ་དཔོན་དང་དམིགས་བསལ་ལས་གནས་ཀྱི་དགེ་རྒན་སོགས་ཀྱི་ལས་གཞི་ལག་བསྟར་བཅས་བྱེད་པ་དང་མཉམ་དུ་འཐབ་ཇུས་རང་བཞིན་གྱི་ཉི་འོད་ནུས་བ་གསར་བའི་ཐོན་ལས་དང་། དེང་རབས་ཞབས་ཞུ་ལས་རིགས། དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་སོགས་ཀྱིས་མཐོ་རིམ་སློག་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཐད་ལ་བཏོན་པའི་སྐུལ་འདེད་ནུས་བ་འདོན་སྤྲོད་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་ལམ་གསར་འབྱེད་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ལས་ཀར་ཞུགས་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་བའི་ཕན་ནུས་འདོན་སྤྲོད་གང་ལེགས་བྱེད་པ་དང་། མུ་མཐུད་ནས་སྐྱེད་བསྲིང་བྱེད་ཤུགས་ཇེ་ཆེར་བཏང་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བ། སློབ་གསོ་སྡེ་ཁག་དང་མཐོ་རིམ་སློབ་གྲྭ་སོ་སོས་སློབ་གསོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཤེས་ལྡན་མི་སྣའི་སྐྱེད་བསྲིང་དང་སྤྱི་ཚོགས་ཀྱི་དགོས་མཁོ་གཉིས་ཕན་ཚུན་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་སྡེ་ཁག་སོ་སོས་མུ་མཐུད་དུ་ཞབས་ཞུ་རོགས་སྐྱོར་ལ་ཤུགས་བསྣན་ནས། སྲིད་གཞུང་གི་སྤྱི་བའི་ཞབས་ཞུའི་འགན་ནུས་ལག་བསྟར་བྱེད་པ་བཅས་བྱེད་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག