མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཟི་ལིང་དུ་ཚོགས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-28 10:31

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་གྱིས་གཏམ་བཤད་གནང་བཞིན་པ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཚོགས་འདུའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས26ཉིན་ནས་ཚེས27ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར་དང་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ས་ཁུལ་གསར་འཛུགས་བྱེད་པའི་ལག་བསྟར་རྩ་གནད་ལ་གྲོས་མཐུན་བྱུང་ཞིང་། ལོ་སྨད་ཀྱི་བྱ་བའི་གཙོ་གནད་བཀོད་སྒྲིག་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་གྱིས་གྲོས་ཚོགས་མགོ་འཛིན་བྱས་པ་མ་ཟད་ཐེངས་གཉིས་ལ་གཏམ་བཤད་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཧི་ཕིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལའོ་ཡུས་ལིན། ཅི་ཏེ་མ་ཅ། རྡོ་རྗེ་རབ་བརྟན། ཝང་ལིན་ཅིན། ཝང་ཞའོ་ཆིན། ཝང་ཞའོ། སུའུ་ཉིན། མའོ་ཞའོ་པིན། བསྟན་ཁོ་བཅས་ཚོགས་འདུ་ལ་ཞུགས།

ལའོ་ཧུའེ་ཉིན་གྱིས་གཏམ་བཤད་ཁྲོད། ཕྱོགས་དྲུག་གི་ཐད་ནས་ལོ་སྨད་ཀྱི་བྱ་བའི་གཙོ་གནད་བཀོད་སྒྲིག་བྱས་ཤིང་། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་གསུང་བཤད་གལ་ཆེན་སྐོར་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་དག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་ལག་ལེན་ལ་གཞི་བཅོལ་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་མངོན་པར་མཚོན་ཞིང་། ད་ལྟར་མིག་སྔར་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་ལ་དམིགས་ཡོད་པས་ང་ཚོགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ་མདུན་དུ་བསྐྱོད་དགོས་ན་ངེས་པར་དུ་རང་འགུལ་དང་མུ་མཐུད་དུ་ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ལ་གཙིགས་འཛིན་བྱེད་པའི་དུས་མཚུངས་སུ་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་གི་ཁྱབ་རྒྱ་རྒྱ་ཆེའི་ཏང་ཡོན་ལས་བྱེད་ཡོངས་ལ་རྒྱ་བསྐྱེད་དུ་གཏོང་བ་དང་། བྱེད་ཐབས་མང་པོ་སྤྱད་དེ་སློབ་སྦྱོང་ནང་དོན་གྱི་ཁྱབ་རྒྱ་དང་ཟབ་ཚད་ཇེ་ཆེར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ས་ཁུལ་གསར་འཛུགས་ཀྱི་བྱ་བའི་གོ་རིམ་ཡོངས་ལ་ཁྱབ་སྤེལ་དུ་གཏོང་དགོས། སྦྱང་བ་དེ་སྤྱོད་ཐུབ་པ་རྒྱུན་འཁྱོངས་བྱས་ནས་མི་སྒེར་གྱི་བསམ་བློ་དང་བྱ་བའི་དོན་དངོས་ལ་ཟུང་སྦྲེལ་བྱེད་པ་དང་། སློབ་སྦྱོང་གི་དམིགས་ཡུལ་ནི་བྱ་བར་སྐུལ་འདེད་གཏོང་བའི་ཐད་ལ་བཞག་སྟེ་བསམ་བློ་དང་བྱ་བའི་གཙོ་གནད་དམིགས་སུ་བཀར་ནས་ལེགས་བཅོས་དང་འབད་བརྩོན་གྱི་ཁ་ཕྱོགས་གསལ་བོ་ཡིན་དགོས་ལ། མཚོ་སྔོན་གྱི་ལས་དོན་སོ་སོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པར་བསྟན།

ལའོ་ཧུའེ་ཉིན་གྱིས་ནན་གྱིས་བསྟན་དོན། ཤུགས་ཆེན་པོས་བདེ་འཇགས་ཀྱི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཚོགས་འདུའི་དགོངས་དོན་ལ་ནན་ཏན་གྱིས་ལག་ལེན་བྱས་ཏེ། དེང་སྐབས་མཚོ་སྔོན་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་བ་དང་དམིགས་བསལ་འགལ་བར་ངོས་འཛིན་གང་ལེགས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ས་ཁུལ་འཛུགས་པ་དང་ཟུང་སྦྲེལ་སྒོས་ཕྱོགས་ཡོངས་ནས་བདེ་འཇགས་ཀྱི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ལ། ཤུགས་ཆེན་པོས་བརྟན་འཇགས་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་ཐག་བཅད་དེ་དངོས་གནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཤུགས་ཆེན་པོས་འབྱུང་ཡུལ་གྱི་རྨང་གཞིའི་བྱ་བར་ཤུགས་བསྣན་ནས་མི་དམངས་གཙོར་འཛིན་པ་རྒྱུན་བསྐྱངས་ཏེ་སྤྱི་ཚོགས་བདེ་སྲུང་གི་ཚོད་བཀག་མ་ལག་འཐུས་ཚང་དུ་བཏང་ནས། དམངས་ཡོངས་ལ་ཁྱབ་པ་དང་གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་པའི་བདེ་འཇགས་དྲ་བ་ཞིག་འཛུགས་དགོས། ཤུགས་ཆེན་པོས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཀྱིས་ཆ་འཕྲིན་དྲ་བའི་དོ་དམ་ཐག་གཅོད་དང་སྤྱི་ཚོགས་རྩ་འཛུགས་དོ་དམ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་དཀའ་གནད་ལ་ཞིའ་འཇུག་བྱས་ཏེ། མང་ཚོགས་ཀྱི་འདོད་བློ་དངོས་མཚོན་པའི་ཚན་རིག་གི་དཔྱད་འཇོག་ཚད་ལེན་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་འདེམ་སྒུག་ཨུ་ཡོན་བཅས་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་འདེམ་སྒུག་ཨུ་ཡོན་མ་ཡིན་པའི་ཞིང་ཆེན་དམངས་ཆེན་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་རྩ་འཛུགས་ཁོངས་མི། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་སྲིད་ཨུ།ཞིང་ཆེན་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་སྔོན་གྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི། ཁུལ་དང་གྲོང་ཁྱེར་སོ་སོའི་ཏང་སྲིད་འགན་འཁུར་མི་སྣ་གཙོ་བོ། གྲོང་ཁྱེར་སོ་སོའི་ཏང་ཨུ་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོའི་ཨུ་ཡོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་མི་དམངས་ཚོགས་པ་དང་མང་ཚོགས་རྩ་འཛུགས། མཐོ་རིམ་སློབ་ཆེན། ཞིང་ཆེན་ཐད་གཏོགས་ཁེ་ལས་ཆེན་མོ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས། ཞིང་ཆེན་སྲིད་གཞུང་གི་ཕྱིར་སྡོད་དོན་གཅོད་ལས་ཁུངས་ཀྱི་ཏང་ཨུའི་འགན་འཁུར་མི་སྣ་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག