མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཐེངས་དང་པོའི་བོད་སྨན་ཐོན་ཁུངས་རྩིས་བཤེར་གྱི་བྱ་བ་འགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-06-28 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་རྩ་འཛུགས་བྱས་ནས་བོད་སྨན་ཐོན་ཁུངས་ཀྱི་རྩིས་བཤེར་བྱ་བའི་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ་ཐེངས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཐོན་ཁུངས་རྩིས་བཤེར་གྱི་བྱ་བ་འགོ་བརྩམས་ཤིང་། འགོ་ཁྲིད་ཚོ་ཆུང་གིས་རྩིས་བཤེར་གྱི་ཚོད་ལྟའི་རྫོང་ཁག9བཙུགས་ནས་རྩིས་བཤེར་གྱི་འགན་འཁུར་དང་ལག་རྩལ་གྱི་དམིགས་ཚད། ལེགས་འགྲུབ་འབྱུང་བའི་དུས་ཡུན་སོགས་གསལ་ལེར་གཏན་ཁེལ་བྱས།

  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ད་ལོའི་ལོ་མཇུག་བར་དུ་མཚོ་སྔོན་གྱི་ཚོད་ལྟའི་རྫོང་ཁག9ལ་ཕྱོགས་ཡོངས་ནས་བོད་སྨན་ཐོན་ཁུངས་ཀྱི་རྩིས་བཤེར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་སྨན་རྫས་ཀྱི་ཁྱབ་ཁོངས་ལ་རྒྱུས་ལོན་དང་། མཚོ་སྔོན་གྱི་བོད་སྨན་ཐོན་ཁུངས་ཀྱི་གྲངས་མཛོད་འཛུགས་པ་སོགས་བྱས་ནས་བོད་ལུགས་སྨན་རྫས་ཐོན་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཁུངས་མ་ཡང་དག་ཅིག་འདོན་སྤྲོད་བྱ་རྒྱུ་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག