མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འགན་སྲུང་སྡོད་ཁང་གིས་མཚོ་སྔོན་གྱི་ཁྱིམ་ཚང་ཁྲི10.74ཡི་བདེ་སྡོད་རྨི་ལམ་མངོན་འགྱུར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-28 08:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ནས། 2012ལོའི་ལོ་མཇུག་བར་དུ། མཚོ་སྔོན་གྱིས་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ཁྱིམ་ཚང་ཁྲི27.65ལས་འགོ་བརྩམས་པ་དང་། སྡོད་ཁང་ཁྲི15.38ཕལ་ཆེར་ལེགས་འགྲུབ་བྱས་ཡོད་ལ། གྲོང་རྡལ་གྱི་ཡོང་སྒོ་འབྲིང་དམའི་དཀའ་ངལ་ཁྱིམ་ཚང་ཁྲི10.74ཡི་སྡོད་ཁང་ཆ་རྐྱེན་ལ་ལེགས་བཅོས་ཐོབ། གྲོང་རྡལ་གྱི་ཡོང་སྒོ་དམའ་བའི་དཀའ་ངལ་ཁྱིམ་ཚང་ཁྲི3.5ཡིས་གླ་རིན་དམའ་བའི་སྡོད་ཁང་གི་ཁ་གསབ་ལོངས་སྤྱོད་བྱས། ད་ལོར། མཚོ་སྔོན་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་འཛུགས་སྐྲུན་གྱི་འཆར་གཞི་ཁྱིམ་ཚང་ཁྲི17.35ཡིན་པ་ཁྱབ་བསྒྲགས་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག