མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་དང་ཆུ་དམར་ལེབ། འབྲི་སྟོད་བཅས་རྫོང་གསུམ་གྱི་གནོད་ཐེབས་མང་ཚོགས་རྣམས་ཁྱིམ་གཞི་གསར་བའི་ནང་དུ་སྤར་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-28 08:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ཡུས་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་དང་ཆུ་དམར་ལེབ། འབྲི་སྟོད་བཅས་རྫོང་གསུམ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་རྫོང་དེ་གསུམ་གྱི་ས་འགུལ་གནོད་འཚེ་ཐེབས་པའི་མང་ཚོགས་རྣམས་ཁྱིམ་གཞི་གསར་བའི་ནང་དུ་སྤར་ཟིན།

ནང་ཆེན་རྫོང་མོ་གྲོང་ཞང་གི་ཨ་བཀྲ་ཡིས་བཤད་རྒྱུར། ཁྱིམ་གཞི་གསར་བ་དེ་སྔོན་ཆད་ཀྱི་ཁང་རྙིང་དང་བསྡུར་ན་འཁོབ་ཡངས་ཤིང་རྒྱ་ཆེ་ལ། ཁང་བའི་ཇུས་འགོད་ལའང་བོད་ཀྱི་ཁྱད་ཆོས་ལྡན་པས། ཁོ་ཚང་གི་བཟའ་མི་དྲུག་པོ་ཁྱིམ་གཞི་གསར་བའི་ནང་དུ་སྤར་རྗེས་ཧ་ཅང་སྐྱིད་པོ་རེད། ད་ལྟ་ཁོ་ཚོའི་ཞང་གི་ཁྱིམ་ཚང་ཡོངས་རྫོགས་ཁྱིམ་གཞི་གསར་བའི་ནང་དུ་སྤར་ཏེ་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མོ་གྲོང་ཞང་ལ་བསྡོམས་པས་གནོད་འཚེ་ཐེབས་པའི་མང་ཚོགས་སྟོང་གཅིག་ལྷག་ཡོད་པ་དང་། ན་ནིང་གི་ཟླ་བརྒྱད་པའི་བར་དུ་རྫོང་མཁར་ནས་ས་ཆ་གཞན་དུ་གནས་སྤར་བའི་ཁྱིམ་ཚང་སོ་གཅིག་མ་གཏོགས། འཕྲོ་མའི་རོང་འབྲོག་ཁྱིམ་ཚང་དགུ་བརྒྱ་དང་གྱ་ལྔའི་སྡོད་ཁང་ཚང་མ་ལས་ནས་ཡོངས་འགྲུབ་བྱས། གོ་རིམ་རྗེས་མར་ནང་ཆེན་རྫོང་གིས་ད་རུང་དོན་དངོས་ལྟར། ཆ་ཚང་སྒྲིག་ཆས་ལས་གཞི་དངོས་འབེབས་བྱས་ཏེ། ཁྱིམ་ཚང་རེ་རེར་གྱང་ར་བསྐོར་བ་དང་དེ་མིན་སྟབས་བདེའི་སྒོ་ཆེན་སོགས་ལས་རྒྱུ་རེད།

མཚོ་ཤར་ས་ཁུལ་གྱིས་རོགས་སྐྱོར་བྱས་པའི་འབྲི་སྟོད་རྫོང་ཁྲོ་དཔོན་གྲོང་བརྡལ་གྱི་ཁྱིམ་ཚང་སྟོང་གཉིས་དང་ཉིས་བརྒྱ་ལྷག་གི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས། ད་ལྟ་མི་སྣ་རྩ་འཛུགས་བྱས་ནས་ཁྲི་དཔོན་གྲོང་བརྡལ་གྱི་སྲིད་གཞུང་དང་མཉམ་དུ། སྡེ་བ་དང་ཧྲེ་རེ་རེའི་མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་གི་རྒྱུ་སྤུས་ལ་ཡང་བསྐྱར་ཞིབ་བཤེར་བྱས་པར་མ་ཟད། ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད་མངོན་པའི་གནད་དོན་ནན་ཏན་སྒོས་ཐག་བཅད་དེ། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་གྱི་སྔོན་ལ་ཡོངས་འགྲུབ་བྱས་ཟེར། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག