མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ད་ལོར་མ་དངུལ་སྒོར་ཁྲི6900བཀོད་སྒྲིག་བྱས་ནས་ཤང་གྲོང་གི་འཕྲོད་བསྟེན་ཁང་ལ་རོགས་སྐྱོར་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-28 08:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱིས2013ལོའི་ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་ཆ་སྡེབ་ཀྱི་ནོར་སྲིད་ཁ་གསབ་མ་དངུལ་བཀོད་སྒྲིག་འཆར་གཞི་གཏན་འཁེལ་བྱས་པ་དང་། མཚོ་སྔོན་གྱིས་མུ་མཐུད་དུ་སྤྱིར་བཏང་ཤང་གྲོང་འཕྲོདབ་སྟེན་ཁང138ལ་སྨན་བཅོས་སྒྲིག་ཆས་ཆ་སྡེབ་བྱེད་པ་ལེགས་འགྲུབ་བྱེད་རྒྱུ་རེད། ཚོད་དཔག་ལྟར་ན་ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་ཁྲི6900བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་ཞིང་ཆེན་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི5520ཡོད།

མཚོ་སྔོན་གྱི་སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་པ། གཞི་རིམ་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུ་ནུས་པ་ཇེ་མཐོར་གཏོང་ཆེད། 2011ལོར་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང405ལ་དགོས་ངེས་ཀྱི་སྨན་བཅོས་སྒྲིག་ཆས་ཆ་སྡེབ་བྱས། དེའི་སྔོན་ལ་མཚོ་སྔོན་གྱིས2011ལོ་དང2012ལོ་ལ་སོ་སོར་ཤང་གྲོང་ལྟེ་གནས་འཕྲོད་བསྟེན་ཁང57དང་སྤྱིར་བཏང་ཤང་གྲོང་འཕྲོད་བསྟེན་ཁང193ལ་སྨན་བཅོས་སྒྲིག་ཆས་ཆ་སྡེབ་བྱ་བ་ལག་བསྟར་བྱས། 2013ལོར་མཚོ་སྔོན་གྱིས་མུ་མཐུད་དུ་སྤྱིར་བཏང་གི་ཤང་གྲོང་འཕྲོད་བསྟེན་ཁང138ལ་སྨན་བཅོས་སྒྲིག་ཆས་ཆ་སྡེབ་བྱས་པ་དང་། ཤང་གྲོང་འཕྲོད་བསྟེན་ཁང་རེ་ལ་སྒོར་ཁྲི50ཡི་ཚད་གཞི་ལྟར་ཁ་གསབ་བྱས་པས། ཞིང་ཆེན་ཡོངས་ལ་བསྡོམས་པས་ཁ་གསབ་མ་དངུལ་སྒོར་ཁྲི6900བཀོད་སྒྲིག་བྱས། དེའི་ནང་ཞིང་ཆེན་ནོར་སྲིད་ཁ་གསབ་སྒོར་ཁྲི5520དང་། ཁུལ་དང་རྫོང་ནོར་སྲིད་ཀྱི་ཁ་གསབ་སྒོར་ཁྲི1380ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག