མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ལུས་རྩལ་རྒྱན་ཤོག་ཐོག་མ་མཚོ་སྔོན་ནས་འགྲེམ་སྤེལ་བྱས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-06-28 08:56

hhh

རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ལུས་རྩལ་རྒྱན་ཤོག་ཐོག་མ་མཚོ་སྔོན་ནས་འགྲེམ་སྤེལ་བྱས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས22ཉིན། རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ལུས་རྩལ་རྒྱན་ཤོག་ཐོག་མ་སྟེ་གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་ལུས་རྩལ་རྒྱན་ཤོག་དེ་མཚོ་སྔོན་ནས་འགྲེམ་སྤེལ་བྱས་པ་རེད། གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་ལུས་རྩལ་རྒྱན་ཤོག་འདིའི་སྟེང་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་། རི་སྐྱེས་སྲོག་ཆགས། སྤྱི་ཚོགས་ཀྱི་སྲོལ་ལུགས། ལུས་རྩལ་འགྲན་སྡུར་སོགས་ཀྱི་རྒྱུ་ཆ་གཅིག་ཏུ་བསྡུས་ནས། གཙང་གསུམ་འབྱུང་ཡུལ་གྱི་ཁྱད་དུ་འཕགས་པའི་གཟི་དཔལ་མངོན་པར་མཚོན་ཡོད་པ་རེད།

    ཐེངས་འདིར་འགྲེམ་སྤེལ་བྱས་པའི་རྒྱན་ཤོག་ནི་ཨེ་ཤ་ཡཱ་གླིང་གི་རྩེ་གྲས་འགྲན་དོན་དང་མཚོ་སྔོན་གྱི་མཛེས་ལྗོངས། མཚོ་སྔོན་གྱི་སྲོལ་ལུགས། མཚོ་སྐོར་འགྲན་སྡུར་བཅས་ཀྱི་རྗེས་སུ་སྤེལ་བའི་མཚོ་སྐོར་འགྲན་སྡུར་གྱི་མུ་འབྲེལ་རྒྱན་ཤོག་ཁག་ཅིག་ཡིན་ཞིང་། ཉིས་སྟོང་བཅུ་གསུམ་ལོའི་གཙང་གསུམ་འབྱུང་ཡུལ་བརྗོད་གཞིར་བྱས་པའི་ལུས་རྩལ་རྒྱན་ཤོག་པོད་གཅིག་ལ་ཆ་ཤས8ཡོད་པ་དང་། ཆ་ཤས་གཅིག་གི་རིན་ཐང་ནི་དམངས་སྒོར་བཅུ་ཡིན་ལ། བསྡོམས་པས་ཐེངས་བཅུ་གཉིས་ལ་བྱ་དགའ་ཐོབ་པའི་གོ་སྐབས་ཡོད་པ་དང་། ཆེས་མཐོ་བའི་བྱ་དགའི་དངུལ་སྒོར་འབུམ་གཉིས་དང་ཁྲི་ལྔ་ཡིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག