མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་རིག་གནས་ལས་དོན་འཕེལ་རྒྱས་ཐད་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར11.6བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-26 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་རིག་གནས་ཀྱི་བཟོ་འགོད་ཆེན་མོ་བརྒྱད་འཛུགས་སྐྲུན་བྱེད་པའི་ལས་འགན་ལ་གཞིགས་ཏེ། སྤྱི་བའི་རིག་གནས་ཞབས་ཞུ་ནོར་སྲིད་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། ན་ནིང་གི་ཚུན་ནས་བཟུང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར11.6བཏང་ནས་མཚོ་སྔོན་གྱི་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ན་ནིང་གི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར5.12བཀོད་སྒྲིག་བྱས་ཏེ་རོང་འབྲོག་ཁྱིམ་དཔེ་ཁང་དང་རིག་གནས་སྡེ་བའི་ཁྱིམ་ཚང་དུ་བསྐྱོད་པ། ཞིང་སྡེའི་རིག་གནས་འཛུགས་སྐྲུན། ཞིང་སྡེར་གློག་བརྙན་སྟོན་པ། ཁུལ་དང་རྫོང་རིམ་པའི་དཔེ་མཛོད་ཁང་ལ་དཔེ་ཆ་ཉོ་སྡུད་བྱེད་པ། ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་སྤྱི་བའི་གློག་རྡུལ་དཔེ་ཀློག་ཁང་སོགས་གཞི་རིམ་རིག་གནས་དམངས་ཕན་བཟོ་འགོད་སྐོར་ཞིག་ལག་བསྟར་བྱས་པ་བརྒྱུད། གཞི་རིམ་གྱི་སྤྱི་བའི་རིག་གནས་ཞབས་ཞུ་དྲ་བ་སྔར་བས་འཐུས་ཚང་དུ་བཏང་། མ་དངུལ་སྒོར་ཁྲི4000བཏང་ནས་ཟི་ལིང་དང་མཚོ་ཤར། མཚོ་ནུབ་བཅས་ཀྱི་སྲིད་འཛིན་སྡེ་བ800ནས་རིག་གནས་སྡེ་བའི་ཁྱིམ་ཚང་དུ་བསྐྱོད་པའི་བཟོ་འགོད་ལག་བསྟར་བྱས། མ་དངུལ་སྒོར་ཁྲི1645བཀོད་སྒྲིག་བྱས་ཏེ་ཁུལ7གྱི་ཁུལ་རིམ་པའི་དཔེ་མཛོད་ཁང་དང་རྫོང35ཡི་རྫོང་རིམ་པའི་དཔེ་མཛོད་ཁང་ལ་དཔེ་ཆ་ཉོ་སྒྲུབ་བྱས།

རྒྱང་སྒྲོག་བརྙན་འཕྲིན་གྱི་ཁྱབ་རྒྱ་ཇེ་ཆེར་གཏོང་ཆེད། 2012ལོ་ནས2013ལོའི་བར་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར1.9བཏང་ནས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁྱིམ་ཚང་ཁྲི85.3ལ་རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚང་རེར་འཐེན་པའི་བཟོ་འགོད་དང་སྡེ་བ་རེར་འཐེན་པའི་བཟོ་འགོད། སྐུད་ཡོད་བརྙན་འཕྲིན་འཐེན་པའི་བཟོ་འགོད་ལག་བསྟར་བྱས། མ་དངུལ་སྒོར་ཁྲི9088.12བཏང་ནས་ཞིང་ཆེན་ཡོངས་སུ་གྲངས་འཛིན་བརྙན་འཕྲིན་བཟོ་འགོད་ལག་བསྟར་བྱས་ཏེ། ཁུལ་དང་རྫོང་སོ་སོའི་རང་སྒྲུབ་བརྙན་འཕྲིན་ལེ་ཚན་ཁྱབ་ཚད90%ཡན་ལ་སླེབས།

ན་ནིང་གི་ཚུན་ནས་བཟུང་། ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.27བཏང་ནས་གཙོ་བོ་ཞིང་ཆེན་ཡོངས་ཀྱི་སྤྱི་ཕན་རང་བཞིན་གྱི་རིག་གནས་ཁང་དུ་རིན་མེད་དུ་སྒོ་འབྱེད་བྱས།

རིག་གནས་འཛུགས་སྐྲུན་གྱི་བཟོ་འགོད་ཆེན་མོ་བརྒྱད་གཏན་འཁེལ་བྱས་པའི་ལས་འགན་ལ་དང་ཟུང་སྦྲེལ་བྱས་ནས་ཞིང་ཆེན་ནོར་སྲིད་ཀྱིས2012ལོ་ནས་བཟུང་སྡེ་ཁག་གི་སྔོན་རྩིས་ཁྲོད་རིག་གནས་ཐོན་ལས་མ་དངུལ་དེ2011ལོའི་སྒོར་ཁྲི3100ནས་སྒོར་དུང་ཕྱུར1ལ་ཇེ་མང་དུ་བཏང་། ན་ནིང་གི་ཚུན་ནས་བཟུང་། རིག་གནས་དང་གསར་འགྱུར་པར་སྐྲུན་ཐོན་ལས་འཕེལ་རྒྱས་ལ་མ་དངུལ་སྒོར་དུང་ཕྱུར1བཏང་ནས་གཙོ་བོ་རིག་གནས་ཁེ་ལས་དང་རིག་གནས་ཐོན་ལས་འཛུགས་སྐྲུན་སོགས་ཀྱི་ཐད་དུ་བཀོལ། རྒྱང་སྒྲོག་གློག་བརྙན་འཕྲིན་ཐོན་ལས་ལ་མ་དངུལ་སྒོར་ཁྲི4000བཏང་ནས་གཙོ་བོ་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་དང་གྲངས་འཛིན་དྲ་བ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་བཀོལ། ལུས་རྩལ་ཐོན་ལས་ལ་མ་དངུལ་སྒོར་ཁྲི6000བཏང་ནས་གཙོ་བོ་ལུས་རྩལ་ཐོན་ལས་འཛུགས་སྐྲུན་འཕེལ་རྒྱས་སོགས་ཀྱི་ཐད་ལ་རོགས་སྐྱོར་བྱས།

རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་ཆེད། ན་ནིང་མ་དངུལ་སྒོར་དུང་ཕྱུར1.65བཏང་ནས་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་དང་ཤུལ་བཞག་ཆེན་མོ། དངོས་བོ་མ་ཡིན་པའི་རིག་གནས་ཤུལ་བཞག་བཅས་ལ་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག