མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་དབྱང་ནོར་སྲིད་མ་དངུལ་གྱིས་ཁྱིམ་སྲུང་བྱིས་པར་རོགས་སྐྱོར་དང་བརྩེ་སེམས་འབུལ་བའི་ཚོད་ལྟའི་ལས་གཞི་ཏ་ཐུང་རྫོང་དུ་འགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-26 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏ་ཐུང་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་བྱིས་པར“བྱིས་སྒྲུང་བརྩེ་སེམས་དཔེ་ཁུག”ཞལ་འདེབས་གནང་བ་དང“བྱིས་སྒྲུང་བཤད་པ་དང་རྩོམ་སྒྲིག རི་མོར་འབྲི་བའི”དཔེ་ཀློག་བྱ་འགུལ་དེ་ཞང་ཧྭ་ལྟེ་གནས་སློབ་གྲྭ་དུ་བསྡུས་པ་དང་། དེས་ཀྲུང་དབྱང་ནོར་སྲིད་མ་དངུལ་གྱིས་སྤྱི་ཚོགས་རྩ་འཛུགས་ལ་རོགས་སྐྱོར་དང་སྤྱི་ཚོགས་ཞབས་ཞུ་ལ་ཞུགས་པ་མཚོན་པ་མ་ཟད། “ཁྱིམ་སྲུང་བྱིས་པར་བརྩེ་སེམས་འབུལ་བའི་ཚོད་ལྟའི་ལས་གཞི”དེ་ཏ་ཐུང་རྫོང་དུ་དངོས་སུ་འགོ་བརྩམས་པ་མཚོན།

“ཁྱིམ་སྲུང་བྱིས་པར་བརྩེ་སེམས་འབུལ་བའི་ཚོད་ལྟའི་ལས་གཞི”དེ་ཀྲུང་གོའི་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་བྱ་བའི་ཨུ་ཡོན་ལྷན་ཚོགས་རྩ་འཛུགས་ཀྱིས་སྤེལ་བ་དང་། དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་དྲང་ཕྱོགས་ནུས་པ་བརྒྱུད་སྤེལ་བྱས་ཏེ། མུ་མཐུད་དུ་སྤྱི་ཚོགས་ཡོངས་ཀྱིས་ཁྱིམ་སྲུང་བྱིས་པར་ཐུགས་ཁུར་བྱེད་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན། བྱ་འགུལ་གྱིས་བྱིས་སྒྲུང་གཞིར་བཟུང་སྟེ། སློབ་ཆུང་སློབ་མར་བྱིས་སྒྲུང་བརྩེ་སེམས་དཔེ་ཁུག་ཞལ་འདེབས་སུ་གནང་ཞིང་། བྱིས་སྒྲུང་བཤད་པ་དང་རྩོམ་སྒྲིག རི་མོར་འབྲི་བའི་བརྗོད་དོན་བྱ་འགུལ་སྤེལ་ནས་ཁྱིམ་སྲུང་བྱིས་པར་སློབ་སྦྱོང་དང་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་ལེགས་པོ་ཞིག་སྐྲུན་པ་དང་། ཁྱིམ་སྲུང་བྱིས་པའི་ལུས་སེམས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ལས་གཞི་འདི་ཨན་ཧུའེ་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་བཞི་ལ་ཁྱབ་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག