མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་སྐབས་དྲུག་པ་སྤྱི་ཟླ6པ་ནས་སྤྱི་ཟླ9བར་རྐང་ཚ་རྫོང་དུ་སྤེལ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-06-26 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས20ཉིན་ནས་སྤྱི་ཟླ9བའི་ཚེས20ཉིན་བར“སྐྱེ་ཁམས་རྐང་ཚ་དང་འཆམ་མཐུན་འཕེལ་རྒྱས”བརྗོད་དོན་དུ་བཟུང་བའི་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་སྐབས་དྲུག་པ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སྤེལ་རྒྱུ་རེད།

ཐེངས་འདིའི་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་གྱི་བྱེ་བྲག་གི་ནང་དོན་ལ། སྤྱི་ཟླ6པའི་ཚེས20ཉིན་ནས་སྤྱི་ཟླ9བའི་ཚེས20ཉིན་བར་གསེར་ཉ་ཁྱིམ་གཞི་དུ་ཉ་མོ་ཚེ་ཐར་གཏོང་བའི་བྱ་འགུལ་སྤེལ་རྒྱུ་དང་། སྤྱི་ཟླ7པའི་ཚེས6ཉིན་གསེར་ཉའི་ཁྱིམ་གཞི་དུ་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་སྐབས་དྲུག་པའི་འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་སྐབས་དྲུག་པའི་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་བསྡུ་རྒྱུ་རེད། སྤྱི་ཟླ7པའི་ཚེས6ཉིན་ནས་ཚེས8ཉིན་བར་རྫོང་མཁར་ལས་བཟོ་བས་རིག་གནས་སྤྲོ་གསེང་ཐང་ཆེན་དུ་མཚོ་སྔོན་ཞིང་ཆེན་མང་ཚོགས་ལས་ཞོར་ཞབས་བྲོ་འགྲན་བསྡུར་དང་ཞིང་ཆེན་ཡོངས་ཀྱི་སྐོར་བྲོ་འགྲན་བསྡུར་ཐེངས་གསུམ་པ་བསྡུ་རྒྱུ་རེད། སྤྱི་ཟླ7པའི་ཚེས7ཉིན་ནས་སྤྱི་ཟླ7པའི་ཚེས9ཉིན་བར་སྦྲ་གུར་ནང་གི་ཇུས་འགོད་དང་ཁོར་ཡུག་གསར་སྐྲུན་འགྲན་བསྡུར་བྱ་འགུལ་སྤེལ་རྒྱུ་དང་། སྤྱི་ཟླ7པའི་ཚེས8ཉིན་མཚོ་སྔོན་པོའི་དམངས་ཁྲོད་མཚོ་མཆོད་བྱ་འགུལ་སྤེལ་རྒྱུ། སྤྱི་ཟླ7པའི་ཚེས6ཉིན་ནས་སྤྱི་ཟླ7པའི་ཚེས16ཉིན་རྫོང་མཁར་གྱི་རིག་གནས་སྤྲོ་གསེང་ཐང་ཆེན་དུ་ཚན་རྩལ་གྲུབ་འབྲས་དྲིལ་སྒྲོག་འགྲེམ་སྟོན་བྱ་འགུལ་སྤེལ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག