མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྐྱེ་ཁམས་ཕྱུགས་ལས་བྱ་བ་དེ་བྱེད་ནུས་ཇེ་མཐོར་གཏོང་བའི་དུས་རིམ་དུ་བསླེབས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-26 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བ་འཚོལ་ཞིབ་ཡར་སྐུལ་དུས་རིམ་བྱ་བའི་ལས་འགན་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་རྨང་གཞིའི་སྟེང་དངོས་སུ་བྱེད་ནུས་ཇེ་མཐོར་གཏོང་བའི་དུས་རིམ་དུ་བསླེབས།

མ་འོངས་བའི་ལོ་གསུམ་གྱི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་མཉམ་ལས་ཁང་གི་འཁོར་སྐྱོད་ནུས་པ་ཇེ་མཐོར་གཏོང་བ་དེ་མགོ་ཚུགས་ས་དང་རྐང་འཛུགས་སར་བརྩིས་ནས། ཤུགས་ཆེན་པོས་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བའི་སྐྱེ་ཁམས་མཉམ་ལས་ཁང་འཛུགས་པའི་གྲུབ་འབྲས་ཇེ་བརྟན་དུ་གཏོང་རྒྱུ་མ་ཟད། རོང་མ་འབྲོག་གི་སྡེ་བ་དང་ཞིང་ལས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་པའི་བྱ་བ་སྤེལ་མགོ་བརྩམས་ནས། མཉམ་ལས་ཁང་གི་ཚོང་གཉེར་རྣམ་པ་འཕེལ་རྒྱས་དང་ཇེ་མགྱོགས་སུ་གཏོང་བ། ཞབས་ཕྱི་དང་ལྟ་སྐུལ་བྱ་བར་ཤུགས་བསྣན་ནས། མཉམ་ལས་ཁང་གི་འཁོར་སྐྱོད་སྤུས་ཚད་དང་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་ཡིན་པའི་ཞོར་དུ། ལོ་གསུམ་རིང་གི་དུས་ཚོད་བེད་སྤྱོད་པ་དང་། བྱ་དགའ་སྟེར་བ་དང་ཁ་གསབ་རྒྱག་པའི་བྱེད་ཐབས་སྤྱད་དེ། ལོ་རེར་དཔེ་སྟོན་སྡེ་བ་བརྒྱ་རེར་རོགས་སྐྱོར་བྱས་ནས། གཙོ་བོ་མཉམ་ལས་ཁང་ནས་སྐམས་ལུག་དུས་ཚིགས་རང་བཞིན་གྱིས་གསོ་བ་དང་། ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་པ་སོགས་ཀྱི་འཛུགས་སྐྲུན་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། མཉམ་ལས་ཁང་བར་འགྲན་བསྡུར་དང་ཕན་ཚུན་ཡར་སྐུལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་རྒྱུ་མ་ཟད། རོང་མ་འབྲོག་གི་སྡེ་བ་དང་ཞིང་ལས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་པའི་བྱ་བ་སྤེལ་ནས། གྲོན་ཆུང་ཅན་དང་གཞི་ཁྱོན་ཅན་གྱི་ཚོང་གཉེར་བའི་བྱ་བ་འཕེལ་རྒྱས་སུ་གཏོང་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག