མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-26 10:56

00.jpg

    རྒྱལ་ཡོངས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་ལས་ཁུངས་ཏང་འཛུགས་བྱ་བའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས། གྲོས་ཚོགས་སྟེང་བྱ་བ་གཙོ་བོར་ཞབས་ཕྱི་སྒྲུབ་པ་དང་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཆོས་ཉིད་ཅེས་པའི་དཔྱད་གཞིའི་གྲུབ་འབྲས་ལ་ཞིབ་བསྡུར་དང་བརྗེ་རེས་བྱས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུས་ཀོས་ལིན་གྱིས་གྲོས་ཚོགས་སྟེང་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན་གྱིས་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ།

    ཡུས་ཀོས་ལིན་གྱིས་བཤད་རྒྱུར། ཞབས་ཞུའི་བྱ་བ་གཙོ་བོར་ཞིབ་འཇུག་བྱེད་པ་དང་དཔུང་སྡེ་འཛུགས་སྐྲུན་བྱ་བའི་ཆོས་ཉིད་ནི་གནས་བབ་གསར་བའི་འོག་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་དགོས་མཁོ་ཡིན་པས། བྱ་བ་གཙོ་བོར་ཞབས་ཕྱི་སྒྲུབ་པ་དེ་གཞི་རྩའི་རེ་བར་བརྩིས་ཏེ་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་ཕྱོགས་སོ་སོར་སྦྲེལ་ཏེ། དཔུང་སྡེ་འཛུགས་བྱེད་རྒྱུ་དེ་རྨང་གཞིའི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་གོ་རིམ་ཧྲིལ་བོར་དངོས་འབེབ་བྱས་ནས། བྱ་བ་གཙོ་བོ་བཟང་བོར་ཞབས་ཕྱི་སྒྲུབ་པ་དང་དཔུང་སྡེ་འཛུགས་སྐྲུན་བྱེད་པ་གཉིས་གཅིག་གྱུར་བཟང་བོ་བྱེད་རྒྱུ་དེ་མཛུབ་སྟོན་རྩ་དོན་ཞིག་ཏུ་བརྩིས་ནས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་ཡོངས་སུ་ལག་ལེན་མཐར་ཕྱིན་བྱེད་དགོས་ཟེར།

    ཝང་ཞའོ་ཆིན་གྱིས་ཞུ་ཚིག་འབུལ་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་བགྲོ་གླེང་ཚོགས་འདུ་བསྡུས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཚང་མར་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།

    རྒྱལ་ཡོངས་ཏང་འཛུགས་བྱ་བའི་ཞིབ་འཇུག་ཚོགས་པ་དང་ཀྲུང་དབྱང་རྩ་འཛུགས་པུའུ། ཞིང་ལྗོངས་དང་གྲོང་ཁྱེར་བཅོ་ལྔ། གྲོང་ཁྱེར་དྲུག་གི་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་གྲོང་ཁྱེར། ཏིས་བཅས་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་རྩ་འཛུགས་ཁ་ཤས་ཀྱི་འགན་ཁུར་བ་གྲོས་ཚོགས་སྟེང་ཟུར་དུ་ཞུགས། གྲོས་ཚོགས་ཀྱི་སྔོན་ལ་ཝང་ཞའོ་ཆིན་གྱིས་ཡུས་ཀོས་ལིན་སོགས་ལ་ཐུག་འཕྲད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག