མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་འཐུས་མི22བདམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-25 10:14

ཀྲུང་གོ་བོད་ཀྱི་དྲ་འི་འཕྲིན། སྤྱི་ཟླ6པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་བུད་མེད་ལྷན་ཚོགས་ཀྱིས་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ཡོན་ལྷན་ཚོགས་ཐེངས་བདུན་པ་བསྡུས་ཏེ།  ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་པའི་འཐུས་མི22བདམས།

རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི2013ལོའི་དུས་ཚིགས་གསུམ་པར་པེ་ཅིན་ནས་བསྡུ་རྒྱུ་རེད། རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱི་འཐུས་མིའི་ཆ་རྐྱེན་དང་དཔྱད་འདེམས་བྱེད་ཐབས་ཀྱི་བླང་བྱར་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་བུད་མེད་ལྷན་ཚོགས་ཀྱིས་ནན་ཏན་དང་ཞིབ་ཕྲའི་སྒོ་ནས་དཔྱད་འདེམས་བྱ་བ་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་འོས་སྦྱོར་བྱས་པའི་རྨང་གཞིའི་སྟེང་། ཕྱོགས་བསྡུས་བསམ་གཞིགས་དང་གཟབ་ནན་གྱིས་དཔྱད་འདེམས་བྱས་པ་བརྒྱུད་ཀྲུང་གོའི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་དཔྱད་འདེམས་བྱས། ཚེས24ཉིན་གྱི་སྔ་དྲོར་ཞིང་ཆེན་བུད་མེད་ལྷན་ཚོགས་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ཡོན་ལྷན་ཚོགས་ཐེངས་བདུན་པའི་སྟེང་དཔྱད་འདེམས་བྱས་པ་བརྒྱུད། མ་ཧྲིན་ལེན་དང་མ་ཅིན་ཧྥིན། ཝུའུ་ལན་ཐའོ་ཡ་སོགས་བློ་མཐུན22མཚོ་སྔོན་གྱི་ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་པའི་འཐུས་མི22བདམས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་ཀྲུང་གོའི་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་པའི་འཐུས་མི22ནང་། བུད་མེད་ཆེད་གཉེར་ལས་བྱེད་པ་མི9ཡོད་ལ། དེས་འཐུས་མི་འདེམ་སྒུག་མི་གྲངས་ཡོངས་ཀྱི40.9%ཟིན་ཡོད། དེའི་ནང་བུད་མེད་འགོ་ཁྲིད་པ་མི2དང་། སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ། རིག་གནས་ལུས་རྩལ་པ་བཅས་མི2རེ་ཡོད་ལ། ཁྲིམས་ལུགས་དང་བཟོ་ལས། ཞིང་ཕྱུགས་ལས། ཚན་རྩལ། སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་མི་སྣ1རེ་ཡོད། ཀྲུང་གུང་ཏང་ཡོན་མི20ཡོད་པ་དེས་འཐུས་མི་འདེམ་སྒུག་མི་སྣའི90.9%ཟིན་ཞིང་། ཏང་ཕྱིའི་མི་སྣ2ཡོད། གྲངས་ཉུང་མི་རིགས་ཀྱི་འཐུས་མི10ཡོད་པ་དེས་འདེམ་སྒུག་མི་སྣ་ཡོངས་ཀྱི45.5%ཟིན་པ་དང་། དེའི་ནང་བོད་རིགས5དང་ཧེ་རིགས2། ཧོར་རིགས་དང་ཟ་ལར་རིགས། སོག་རིགས་བཅས་མི1རེ་ཡོད། ཆེད་སྦྱོང་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི21ཡོད་ལ་དེས་འདེམ་སྒུག་མི་སྣ་ཡོངས་ཀྱི95.45%ཟིན་ཡོད། འཐུས་མི་ཡོངས་ཀྱི་ཆ་སྙོམས་ཀྱིས་ལོ47.8ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག