མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ཀྲུང་གོའི་ཏ་ཐུང་མཚོ་སྔོན་མཐོ་སྒང་གི་རྒྱལ་སྤྱིའི་བྲག་འཛེགས་འགྲན་བསྡུར་སྤྱི་ཟླ6པའི་ཚེས29ཉིན་འགོ་རྩོམ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-25 10:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ཀྲུང་གོའི་ཏ་ཐུང་མཚོ་སྔོན་མཐོ་སྒང་གི་རྒྱལ་སྤྱིའི་བྲག་འཛེགས་འགྲན་བསྡུར་སྤྱི་ཟླ6པའི་ཚེས29ཉིན་ནས་ཚེས30ཉིན་བར་མཚོ་སྔོན་ཞིང་ཆེན་ཏ་ཐུང་ཧེ་རིགས་རང་སྐྱོང་རྫོང་དུ་འགོ་རྩོམ་རྒྱུ་རེད། སྤྱི་ཟླ6པའི་ཚེས24ཉིན། བྲག་འཛེགས་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་ཟི་ལིང་དུ་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ནས་འགྲན་བསྡུར་གྱི་འབྲེལ་ཡོད་གནས་ཚུལ་དག་ཡོངས་བསྒྲགས་བྱས།

ཐེངས་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་རི་འཛེགས་ལུས་རྩལ་དོ་དམ་ལྟེ་གནས་དང་ཀྲུང་གོ་རི་འཛེགས་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་རི་འཛེགས་ལུས་རྩལ་དོ་དམ་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ། ཏ་ཐུང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་གིས་འགན་སྒྲུབ་བྱས། མིག་སྔའི་བར་དུ། ཨ་རི་དང་ཕོ་ལན། མོ་ཞི་ཁོ། ཧྥ་རན་སི། ཀྲུང་གོ་བཅས་རྒྱལ་ཁབ་དང་ས་ཁུལ5ཡི་འགྲན་ཞུགས་པ44ཡོད་ལ། འགྲན་བསྡུར་ལ་སྐྱེས་པ་དང་སྐྱེས་མའི་དཀའ་ཚད་དང་མྱུར་ཚད་ཀྱི་འགྲན་ཚན4བཙུགས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག