མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་གནོད་འཚེ་བསྐྱར་འཛུགས་བྱས་རྗེས་ཀྱི་སྡོད་དམངས་འདུག་སའི་ཁོར་ཡུག་དང་འཚོ་བའི་སྒྲིག་ཆས་ཆ་ཚང་ཡིན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-25 10:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གནོད་འཚེ་བསྐྱར་འཛུགས་བྱེད་སའི་ཤེལ་དཀར་ས་ཁུལ་གྱི་ཚོང་རྒྱག་སའི་ཐང་ཆེན་བྱང་ཕྱོགས་ཀྱི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་གསར་བ་བརྒྱ་དང་གཉིས་ལས་ནས་ཡོངས་འགྲུབ་བྱས་ཏེ། སྐྱེ་རྒུ་གྲོང་བརྡལ་གྱི་སྡོད་དམངས་སྟོང་གཅིག་དང་བདུན་བརྒྱ་དང་གྱ་ལྔ་ཁྱིམ་གཞི་གསར་བའི་ནང་དུ་སྤར། དེ་ནི་ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་འཛུགས་སྐྲུན་ཀུང་ཟིས་ལོ་གཉིས་རིང་ལ་འབད་པ་བྱས་པའི་འབྲས་བུ་རེད།

གསར་དུ་ལས་པའི་སྡོད་ཁང་གི་ར་བསྐོར་ནང་དུ་བགྲོད་ལམ་དང་། ཆུ། དྲོད་རླངས་དང་། གློག་སོགས་སྒྲིག་ཆས་ཆ་ཚང་ཡིན་པ་མ་ཟད། ཁྱིམ་ཚང་གི་སྤྱོད་ཁང་དང་། ཇ་ཁང་སོགས་རྨང་གཞིའི་རང་བཞིན་གྱི་སྒྲིག་ཆས་ཚང་མ་ཡོངས་འགྲུབ་བྱས་ཤིང་། སྡོད་ཁང་གི་ར་བསྐོར་གྱི་ཐང་ཆེན་དང་། ལྡུམ་ར། རླངས་འཁོར་འཇོག་ས་སོགས་ཚང་མ་འཛོམ་པོ་རེད། ད་རུང་ལུས་སྦྱོང་བྱེད་སའི་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས་ཡོད་པས་ས་དེར་སྡོད་པའི་སྡོད་དམངས་ལ་སྟབས་བདེ་ཆེན་པོ་བཟོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག