མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་ལས་ཞུགས་བྱས་མེད་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མར་ཆེད་དུ་ལས་ཞུགས་གསོ་སྦྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-24 10:29

1111.jpg

ཟླ་དྲུག་པའི་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་ལས་ཞུགས་བྱས་མེད་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མར་ཆེད་དུ་ལས་ཞུགས་གསོ་སྦྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་བསྡུས་པ།

22222.jpg

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས21ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆེ་འབྲིང་ནས་སློབ་མཐར་ཕྱིན་རྗེས་ལས་ཞུགས་བྱས་མེད་པའི་སློབ་མར་ཆེད་དུ་ལས་ཞུགས་བྱེད་པར་གསོ་སྦྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་པ་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

     ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆེ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་བྱ་བའི་མདུན་དུ་ལྷགས་པའི་དཀའ་ཁག་དང་གནད་དོན་སྐོར་ཞིག་ལ་དམིགས་ཏེ་ལོ་གསུམ་གྱི་དུས་ཡུན་ནང་ལས་ཞུགས་བྱས་མེད་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་ཁྲི་གཉིས་དང་སྟོང་བཞི་རྩ་འཛུགས་བྱས་ནས་ནུས་པའི་བྱང་ཚད་དང་ལས་རིགས་ལག་རྩལ་ཐད་ཀྱི་གསོ་སྦྱོང་བྱེད་པ་དང་། ལས་ཞུགས་བྱས་མེད་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་སྟོང་དྲུག་རྩ་འཛུགས་བྱས་ནས་ལས་རིགས་གསར་གཏོད་ཀྱི་གསོ་སྦྱོང་བྱེད་བཞིན་ཡོད།

    ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་ཡིས་གཏམ་བཤད་སྐབས་བཤད་རྒྱུར། ད་ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་གསོ་སྦྱོང་བྱེད་པའི་རྨང་གཞི་ཅུང་ཞན་པར་དམིགས་ཏེ་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མའི་ནུས་པའི་བྱང་ཚད་དེ་དཔལ་འབྱོར་འཕེལ་སྟངས་སྒྱུར་དང་ཐོན་ལས་ཀྱི་རྣམ་པ་སྒྱུར་པའི་རེ་བ་དང་དོན་དངོས་དང་མི་མཐུན་པས། ཉེ་བའི་ལོ་འགའི་རིང་ལ་ཕྱོགས་ནས་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་ཡར་སྐུལ་བྱེད་པའི་གཏན་འཁེལ་གྱི་་རྨང་གཞིའི་སྟེང་ལས་ཞུགས་བྱས་མེད་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མར་ཆེད་དུ་ལས་ཞུགས་བྱེད་པར་གསོ་སྦྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ་སློབ་གྲྭ་ཆེ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་མའི་ནུས་པའི་བྱང་ཚད་ཇེ་མཐོར་གཏོང་ཆེད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གི་བྱེད་ཐབས་གཙོ་བོ་ལག་ལེན་དངོས་འབེབས་བྱས་ནས་སློས་གྲྭ་ཆེ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་མ་མཚར་ལོངས་དང་འཕེལ་རྒྱས་སུ་གཏོང་བའི་དགོས་གཏུག་དང་རེ་བ་ཇེ་དྲག་གཏོང་དགོས། ད་ལོ་ནས་བཟུང་ལོ་གསུམ་གྱི་དུས་ཡུན་སྤྱད་ནས་ལས་ཞུགས་བྱས་མེད་པའི་སློབ་གྲྭ་ཆེ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་མ་ཁྲི་གསུམ་ལ་ནུས་པའི་བྱང་ཚད་དང་ལས་རིགས་ལག་རྩལ་སོགས་ཀྱི་ཕྱོགས་ནས་གསོ་སྦྱོང་བྱེད་རྒྱུ་ཡིན་ཟེར།

     ཁྲིན་ལིས་ཧྭ་ཡིས་ས་ཁུལ་སོ་སོས་ལས་ཞུགས་བྱས་མེད་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མར་ཆེད་དུ་ལས་ཞུགས་གསོ་སྦྱོང་བྱེད་པའི་བཟོ་སྐྲུན་གྱི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པའི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས་བྱ་བ་སྣ་ཚོགས་དངོས་འབེབས་དང་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག