མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-24 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ནོར་སྲིད་ལས་ཁུངས་ཀྱིས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། ནོར་སྲིད་ཐད་ནས་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་བ་དང་། 2012ལོའི་ཚུན་ལ་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་གཉིས་ལྷག་བཏང་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཐད་ལ་རྒྱབ་སྐྱོར་བྱས།

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་བྱ་བ་བསྒྲུབ་པར་འགྲོ་བར་སྐུལ་མ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་སྔོན་ཆད་སློབ་གྲྭ་ཆེན་མོ་བས་སྡེ་དཔོན་འཁུར་བ་སོགས་གཞི་རིམ་གྱི་ཞབས་ཕྱིའི་ལས་གཞི་ལ་རྒྱབ་སྐྱོར་བྱས་པའི་རྨང་གཞིའི་སྟེང་། ད་ལོའི་ཟླ་དང་པོ་ནས་བཟུང་སློབ་གྲྭ་ཆེན་མོ་བའི་འཚོ་བའི་གྲོན་དངུལ་གྱི་ཁ་གསབ་དེ་མི་རེའི་ཟླ་རེའི་སྒོར་མོ་སྟོང་གཅིག་དང་ཉིས་བརྒྱ་ལྔ་བཅུ་ནས་སྒོར་མོ་སྟོང་གཅིག་དང་དྲུག་བརྒྱ་ལ་འཕར་ཞིང་ཐེངས་གཅིག་རང་བཞིན་གྱི་ལུས་ཕུང་ཞིབ་བཤེར་གྲོན་དངུལ་དེ་སྒོར་མོ་བརྒྱ་དང་ལྔ་བཅུ་ནས་སྒོར་མོ་ཉིས་བརྒྱ་ལ་འཕར་བ་དང་། འགྲིམ་འགྲུལ་གྲོན་དངུལ་གྱི་ཁ་གསབ་དེ་མི་རེའི་ལོ་རེའི་སྒོར་མོ་ཉིས་བརྒྱ་དང་བཞི་བཅུ་ནས་སྒོར་མོ་དྲུག་བརྒྱ་ལ་འཕར། དེ་དང་མཉམ་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་གཞི་རིམ་གྱི་སྤྱི་བའི་ལས་གནས་དང་ཁེ་ལས་སུ་ལོ་གཅིག་ལ་ལས་ཞུགས་དངོས་སྦྱོང་བྱེད་པར་སྐུལ་མ་བཏང་རྗེས། ན་ནིང་ལོ་ནས་བཟུང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྟོང་བརྒྱད་དང་ལྔ་བརྒྱ་དང་གསུམ་དངོས་སྦྱོང་ལ་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་དངོས་སྦྱོང་ཁ་གསབ་སྒོར་མོ་དང་སྤྱི་ཚོགས་འགན་སྲུང་ཁ་གསབ་སྒོར་མོ་བསྡོམས་པས་བྱེ་བ་བདུན་དང་ས་ཡ་གསུམ་འབུམ་བརྒྱད་ལྷག་དངོས་འབེབས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག