མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི5000བཏང་ནས་འབྲིང་རིམ་ཆེད་ལས་སློབ་གསོ་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-24 10:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་ཁྲི5000བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་ཆེད་ལས་སློབ་གསོའི་རྨང་གཞི་སྒྲིག་ཆས་ནུས་པར་ཤུགས་བསྣན་ཞིང་། འབྲིང་རིམ་ཆེད་ལས་སློབ་གསོའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས། རྒྱུས་ལོན་པ་ལྟར་ན། མ་དངུལ་འདི་གཙོ་བོ་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭའི་སློབ་མའི་མལ་ཁང་དང་། ཟི་ལིང་གྲོང་ཁྱེར་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ་དང་པོའི་དངོས་སྦྱོང་ཐོག་ཁང་། ཏ་ཐུང་རྫོང་ངལ་རྩོལ་ལག་རྩལ་སློབ་གྲྭའི་སློབ་མའི་མལ་ཁང་། ཕིན་ཨན་རྫོང་ལག་རྩལ་སློབ་གྲྭའི་སློབ་མའི་མལ་ཁང་། རྨ་ལྷོ་ཁུལ་ཆེད་ལས་ལག་རྩལ་སློབ་གྲྭའི་སློབ་མའི་མལ་ཁང་དང་སློབ་ཁྲིད་ཆ་སྡེབ་སྒྲིག་ཆས་བཅས་འཛུགས་སྐྲུན་བྱེད་པའི་ཐད་ལ་བཀོལ་རྒྱུ་ཡིན་པ་དང་། ལས་གཞིའི་སྤྱིའི་འཛུགས་སྐྲུན་གཞི་ཁྱོན་ལ་མུས་གྲུ་བཞི་མ26924ཡོད།

མིག་སྔར་ལས་གཞིའི་དུས་སྐབས་སྔོན་མའི་གྲ་སྒྲིག་བྱ་བ་སྣ་ཚོགས་ལེགས་འགྲུབ་བྱས་ཤིང་། འཆར་གཞི་ལྟར་ན་སྤྱི་ཟླ7པར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག