མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས2013ལོའི་ལོ་མཇུག་བར་དུ་ཁུལ་ཡོངས་ཀྱི་ས་ཆ་སོ་སོར་བྱིས་གཉོར་ཁང་འཛུགས་་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:57

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2013ལོར་མཚོ་ལྷོ་ཁུལ་གྱིས་བྱིས་གཉོར་ཁང149གསར་འཛུགས་དང་རྒྱ་བསྐྱེད་པ་དང་། བསྡོམས་པའི་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བདུན་འབུམ་གཅིག་ཁྲི་བཞི་སྟོང་བདུན་བཏང་། ད་ལོའི་ལོ་མཇུག་བར་དུ་བསྡོམས་པའི་བྱིས་གཉོར་ཁང་ཉིས་བརྒྱ་དོན་ལྔ་བཙུགས་ནས་མཚོ་ལྷོ་ཁུལ་ཡོངས་ལ་ཁེབས་པར་བྱེད་རྒྱུ་རེད།

མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཡིས་འབྲེལ་ཡོད་འགན་ཁུར་བའི་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་ལྷོ་ཁུལ་ཀྱི2013ལོའི་རོང་འབྲོག་ཁུལ་གྱི་བྱིས་གཉོར་ཁང་འཛུགས་པའི་ཇུས་གཞི་བཏོན་རྗེས། གུང་ཧོ་རྫོང་གིས་བྱིས་གཉོར་ཁང་བཅུ་གསར་འཛུགས་དང་བྱིས་གཉོར་ཁང་སོ་དགུ་ལ་ཞིག་གསོ་བྱས་པ་དང་། ཁྲི་ཀ་རྫོང་གིས་བྱིས་གཉོར་ཁང་གཉིས་གསར་འཛུགས་དང་བྱིས་གཉོར་ཁང་སོ་གཉིས་ལ་ཞིག་གསོ་བྱས་ལ། ཀོས་ནན་རྫོང་གིས་བྱིས་གཉོར་ཁང་བརྒྱད་གསར་འཛུགས་དང་ཉེར་གཅིག་ལ་ཞིག་གསོ་བྱས། ཐིན་ཏེ་རྫོང་གིས་བྱིས་གཉོར་ཁང་བཅོ་ལྔ་གསར་འཛུགས་དང་དགུ་ལ་ཞིག་གསོ་དང་། ཞིན་ཧེ་རྫོང་གིས་བྱིས་གཉོར་ཁང་བདུན་གསར་འཛུགས་དང་དྲུག་ལ་ཞིག་གསོ་བཅས་བྱས། ལས་གཞི་འདིས་སློབ་གསོ་སྙོམས་སྒྲིག་དང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་དང་། སློབ་གསོའི་དྲང་བདེན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག