མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་མཚོ་སྔོན་གྱི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བའི་བྱེད་སྒོ་མགོ་ཚུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:57

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ལས་ཞུགས་དང་ལས་ལམ་གསར་འབྱེད་སྐོར་གྱི་བྱ་བའི་བཀོད་སྒྲིག་དང་བླང་བྱ་རབས་དང་རིམ་པ་དོན་འཁྱོལ་བྱེད་ཆེད་དང་། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་ལེགས་སྒྱུར་བཀོད་སྒྲིག་བཅས་ལ་སྐུལ་འདེད་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ཁེ་ལས་དང་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་བརྗེ་རེས་ཀྱི་ལམ་བུ་འཛུགས་ཆེད། མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་བརྗེ་རེས་ལྟེ་གནས་ཀྱིས་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ནས་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་བར་དུ2013ལོའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བའི་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད། ཞབས་ཞུ་ཟླ་བའི་སྐབས་སུ་དྲ་ཚིགས་བརྒྱུད་ནས་ལས་ཞུགས་བྱེད་པ་དང་ཡུལ་དངོས་ཀྱི་ལས་ཞུགས་བྱ་འགུལ་སྤེལ་བ་དང་། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ལམ་གསར་འབྱེད་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་བསྡུ་བ། སྲིད་ཇུས་དང་ལས་ལམ་གསར་འབྱེད་ཀྱི་ལས་གཞི་སྐྱེལ་བ་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་ནས། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བྱས།

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི2013ལོའི་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་གཙོ་བོའི་ལས་ཞུགས་ཚོགས་འདུ་དང་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ངོ་འཕྲོད་གྲོས་མོལ་བྱས་ཏེ་ཐེངས་འདིའི་ཞབས་ཞུའི་ཟླ་བའི་བྱེད་སྒོ་འགོ་བརྩམས། ལས་ཞུགས་ཚོགས་འདུའི་ཡུལ་དངོས་སུ་བསྡོམས་པའི་ལས་ཁུངས་སུམ་བརྒྱ་ལྷག་ཞུགས་ཡོད་པ་དང་། དེའི་ཁྲོད་མཚོ་ཤར་ས་ཁུལ་དང་མཚོ་ནུབ་ཁུལ་ཤེས་ལྡན་མི་སྣའི་བརྗེ་རེས་ལྟེ་གནས་ཀྱིས་ཀྱང་མི་བཀོལ་ལས་ཁུངས་རྩ་འཛུགས་བྱས་ནས་ཚོགས་འདུའི་ཁྲོད་ཞུགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག