མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བྱེ་འགོག་བྱེ་བཅོས་དང་བྱེ་མའི་ཐོན་ལས་མཐུན་ཚོགས་ཟི་ལིང་ནས་དངོས་སུ་བཙུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་བྱེ་འགོག་བྱེ་བཅོས་དང་བྱེ་མའི་ཐོན་ལས་འབྲེལ་ཡོད་སྡེ་ཁག་དང་། ཐོན་ལས་ཀྱི་ཆེད་ལས་དང་། ཤེས་ཡོན་ཅན། ལག་རྩལ་མི་སྣ་དང་སྤྱི་ཕན་མི་སྣས་རྩ་འཛུགས་བྱས་པའི་ཞིང་ཆེན་ཡོངས་དང་། ཁེ་སྤོགས་མེད་པའི་སྤྱི་ཚོགས་རྩ་འཛུགས་སྟེ། མཚོ་སྔོན་ཞིང་ཆེན་བྱེ་འགོག་བྱེ་བཅོས་དང་བྱེ་མའི་ཐོན་ལས་མཐུན་ཚོགས་ཚེས་ཉེར་གཉིས་ཉིན་ཟི་ལིང་ནས་དངོས་སུ་སྒོ་བྱང་བཀལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་བྱེ་འགོག་བྱེ་བཅོས་བྱ་བར་ཡུན་རིང་གི་འཕེལ་རྒྱས་བྱུང་། ཐང་རྒོད་ཅན་གྱི་བྱེ་འགྱུར་བྱ་བར་ཐེངས་བཞིར་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བྱེ་མར་གྱུར་བའི་སའི་རྒྱ་ཁྱོན་ཉིས་སྟོང་བཞི་ལོའི་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་ཁྲི་ལྔ་སྟོང་བརྒྱད་ནས་ད་ལྟའི་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་ལྷག་ཏུ་ཇེ་ཉུང་དུ་སོང་ནས། བྱེ་ཁུལ་ཅུའུ་དང་པུའུ་ཡི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་སོང་ཡོད། ན་ནིང་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་འདྲེ་ཚེར་མ་འདེབས་པའི་ས་ཁོངས་དེ་ཚྭ་འདམ་གཞོང་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་གཞོང་སར་རྒྱ་བསྐྱེད་པ་དང་། མུའུ་འབུམ་གསུམ་ལྷག་བཏབས་ནས་གྲུབ་འབྲས་ཐོབ་པར་མ་ཟད་ད་ལྟའི་གནས་སྐོར་བྱེད་སར་གྱུར་ཡོད།

ཉིན་དེར་མཐུན་ཚོགས་དེས་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་བསྡུས་ནས། སྐབས་དང་པོའི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། རྒྱུན་ལས་ལས་འཛིན་དང་། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ་བཅས་བདམས། མཚམས་སྦྱོར་བྱས་པ་ལྟར་ན། མཐུན་ཚོགས་དེ་བཙུགས་པའི་དམིགས་ཡུལ་ནི་སྲིད་གཞུང་དང་ཁེ་ལས་དང་། སྲིད་གཞུང་དང་ཞིང་བ་བར་འབྲེལ་མཐུད་བྱེད་པའི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་བྱེ་འགོག་བྱེ་བཅོས་དང་བྱེ་མའི་ཐོན་ལས་དང་ཞིང་སྡེའི་དཔལ་འབྱོར་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་དང་། མཐུན་སྒྲིལ་དམ་པོས་རྒྱ་ཆེའི་བྱེ་བཅོས་དང་བྱེ་མའི་ཐོན་ལས་ཚན་རྩལ་བྱ་བ་བསྒྲུབ་མཁན་སྐུལ་སློང་བྱས་ནས། བྱེ་འགོག་བྱེ་བཅོས་བྱ་བ་དང་བྱེ་མའི་ཐོན་ལས་འཕེལ་རྒྱས་དང་ཡར་སྐུལ་གཏོང་བར་བྱས་རྗེས་འཇོག་རྒྱུ་དེ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག