མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཁག་གིས་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:31

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཅས་ཀྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་དང་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་ལ་རྟོག་ཞིབ་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་དབྱི་ཀྲི་ཡིས་རྟོག་ཞིབ་ཚན་ཁག་ཁྲིད་དེ་ཟི་ལིང་དང་མཚོ་ཤར། མཚོ་ནུབ། མཚོ་བྱང་སོགས་ཀྱི་ལས་རིགས་སློབ་གྲྭ་བཅུ་བདུན་དང་ཆིན་ཧྭ་སྡེ་ཚོགས་དང་ཚྭ་མཚོ་སྡེ་ཚོགས་སོགས་ཁེ་ལས་ལ་སོང་ནས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཁུལ་དང་ཏིས། གྲོང་ཁྱེར། རྫོང་བཅས་སྲིད་གཞུང་དང་ལས་རིགས་སློབ་གྲྭ། ཁེ་ལས་བཅས་ཀྱིས་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་མཉམ་དུ་འབྲེལ་ཡོད་འགན་ནུས་ལས་ཁུངས་ཀྱི་མགོ་ཁྲིད་པ་དང་ལས་རིགས་དགེ་རྒན། ཁེ་ལས་ཀྱི་འཐུས་མི། ལས་ཞུགས་སློབ་མ་དང་ཁྱིམ་བདག་བཅས་ཀྱི་འཐུས་མི་དང་མཉམ་དུ་བཞུགས་མོལ་བྱས་ནས་གནས་ཚུལ་རྒྱུས་ལོན་བྱས།

རྟོག་ཞིབ་བྱས་པ་བརྒྱུད། རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཐད་ལ་གྲོས་གཞི་ལྔ་བཏོན། གཅིག་ནི་ཧུར་ཐག་སྒོས་ཚོང་རའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། ལས་རིགས་སློབ་གྲྭའི་ཆེད་ལས་བསླབ་གཞིའི་བཀོད་སྒྲིག་ལེགས་སྒྱུར་བྱེད་དགོས། གཉིས་ནི་ཤར་ཕྱོགས་གྲོང་ཁྱེར་ཚོགས་ཀྱི་འཛུགས་སྐྲུན་དང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་གསུམ་དང་གསར་སྤེལ་ས་ཁུལ་གསར་བ་གཉིས་འཛུགས་སྐྲུན་བྱེད་པ་ཟུང་འབྲེལ་བྱས་ཏེ། སློབ་གསོའི་ཐོན་ཁུངས་ལེགས་སྒྲིག་བྱེད་དགོས། གསུམ་ནི་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་བྱེད་པའི་སྤྱིའི་རེ་བ་ལྟར། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་པ་དང་། སློབ་གྲྭ་དང་སློབ་གྲྭ་མཉམ་ལས་བྱེད་པ་སོགས་ཀྱི་བ་བཟང་བོར་བསྒྲུབ་དགོས། བཞི་ནི་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས་ལས་གཞི་བརྩོན་ལེན་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དགོས། ལྔ་ནི་སྲིད་གཞུང་གིས་ཆ་རྐྱེན་བསྐྲུན་པ་དང་སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་ལས་བྱེད་པ། སྤྱི་ཚོགས་དེའི་ཁྲོད་དུ་ཞུགས་པ། ཚོང་རས་འཁོར་སྤྱོད་བྱེད་པ་བཅས་ཀྱི་ནང་རྐྱེན་འཛུགས་དགོས་པ་བཅས་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག