མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོའི་སྤྱི་ཟླ6པའི་ཟླ་དཀྱིལ་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི236ལ་བྱ་བ་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ6པའི་ཟླ་དཀྱིལ་བར་དུ་ཞིང་ཆེན་ཡོངས་ནས་བསྡོམས་པའི་དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི236ལ་བྱ་བ་བཀོད་སྒྲིག་བྱས།

དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བཀོད་སྒྲིག་བཅོས་བསྒྱུར་བྱ་བའི་ཁྲོད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་མི་བཀོལ་ལས་ཁུངས་སུ་སོང་ནས་མི་བཀོལ་གནས་ཚུལ་ལ་རྒྱུས་ལོན་དང་། ལས་གནས་བཙལ་བ་སོགས་བྱས་ནས། བྱ་བ་བཀོད་སྒྲིག་བྱེད་པའི་གོ་རིམ་ཁྲོད་ཀྱི་ལས་ཞུགས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས། ཟླ་འགའི་འབད་བརྩོན་བརྒྱུད་ནས། ཐེངས་འདིའི་ཞིང་ཆེན་ཡོངས་ནས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ལ་བྱ་བ་བཀོད་སྒྲིག་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བཀོད་སྒྲིག་བཅོས་བསྒྱུར་ཐད་ལ་སྐུལ་འདེད་ཀྱི་ནུས་བ་ཐོན་པར་མ་ཟད། ལོ་མང་པོར་བྱ་བ་མ་རྙེད་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཁག་ཅིག་གི་བྱ་བའི་གནད་དོན་ཡང་ཐག་གཅོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། 2012ལོར་རང་ཞིང་གིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་བཀོད་སྒྲིག་ཐད་ཀྱི་བསམ་འཆར་བཏོན་ནས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་ལམ་གསར་འབྱེད་བྱེད་པར་སྐུལ་འདེད་དང་རིགས་མི་འདྲ་བའི་ཁེ་ལས་ཀྱིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བསྡུ་ལེན་བྱེད་པར་སྐུལ་འདེད་བྱེད་པ་སོགས་ཀྱི་དམིགས་བསལ་སྲིད་ཇུས་རབས་དང་རིམ་པ་སྤྱད་ནས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ལ་རྒན་གསོ་ཉེན་ཚབ་དང་སྨན་བཅོས་ཉེན་ཚབ་སོགས་ཀྱི་སྤྱི་ཚོགས་འགན་སྲུང་ཞབས་ཞུ་འདོན་སྤྲོད་བྱས་ཏེ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་པའི་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་དང་ཤུགས་སྣོན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག