མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:57

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྡོ་རྗེ་རབ་བརྟན། ཝང་ལིན་ཅོན། བསྟན་ཁོ་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དང་སློབ་སྦྱོང་བྱས་པའི་ཐོག་མའི་བསམ་འཆར་དང་གནས་ཚུལ་ཡར་ཞུར་ཉན་ཏེ། མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོའི་ལག་ལེན་བྱ་འགུལ་ལག་བསྟར་བྱེད་པའི་ཇུས་གཞི་དང་མགོ་ཁྲིད་ཚན་ཆུང་། བྱ་བའི་འཆར་གཞི་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ནས་ཉེ་བའི་དུས་སྐབས་སུ་དམ་འཛིན་བྱེད་དགོས་པའི་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་རེ་བའི་སྟེང་གཅིག་གྱུར་བྱས་ནས་སྙིང་སྟོབས་ཆེར་སྐྱེད་དང་ཀུན་སྤྱོད་བཟང་བོས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ལག་ལེན་བྱ་འགུལ་དམ་འཛིན་བྱེད་པ་དང་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་གཅིག་བསྡུས་ཀྱིས་བཟུང་སྟེ་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་སོགས་བྱས་ནས་སློབ་གསོའི་ལག་ལེན་བྱ་འགུལ་ལ་ཕན་འབྲས་ཐོབ་ཏུ་འཇུག་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག