མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར2.22བཏང་ནས་སློབ་གྲྭ་ཆེན་མོ་བ་ལས་ཞུགས་ཐད་རོགས་སྐྱོར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལས་ཞུགས་ནི་དམངས་འཚོའི་གཞི་རྩ་ཡིན་ལ། སློབ་གྲྭ་ཆེན་མོ་བ་སློབ་མཐར་ཕྱིན་པ་དང་བསྟུན་ལས་ཞུགས་ཐད་དཀའ་ཁག་ཆེན་པོ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་སྡེ་ཁག་གིས་བསྟུད་མར་སློབ་གྲྭ་ཆེན་མོ་བར་ནོར་སྲིད་ཀྱིས་རོགས་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བཞིན་པ་དང་སྔར་ལས་ལྷག་པའི་སྒོ་ནས་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བཞིན་ཡོད། སྔོན་ལོ་ནས་བཟུང་། ཁྱོན་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར2.22བཏང་སྟེ་ཕན་ནུས་ལྡན་པའི་སྒོ་ནས་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ཐད་རོགས་སྐྱོར་བྱས།

རང་ཞིང་གིས་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་ལ2010ལོ་ནས་བཟུང་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ཐད་ཀྱི་རོགས་སྐྱོར་སྲིད་ཇུས་རབས་དང་རིམ་པ་སྤེལ་ནས། སློབ་གྲྭ་ཆེན་མོ་བ་གཞི་རིམ་ལ་སོང་ནས་ལས་ཞུགས་བྱེད་པ་དང་གཞི་རིམ་ལ་ཞབས་ཞུ་བསྒྲུབ་པ། ལས་ཞུགས་ལ་ཡར་སྐུལ་དང་སྣེ་ཁྲིད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས2013ལོའི་སྤྱི་ཟླ1པོ་ནས་བཟུང་། སློབ་གྲྭ་ཆེན་མོ་བའི་ལམ་ལུགས་གསུམ་རྒྱུན་འཁྱོངས་བྱས་ནས་འཚོ་བའི་ཁ་གསབ་མ་དངུལ་ཟླ་རེར་མི་རེར་སྒོར1250ནས1650ལ་འཕར། ལུས་ཕུང་བརྟག་དཔྱད་ཀྱི་སྒོར150ནས་སྒོར200ལ་འཕར། འགྲིམ་འགྲུལ་གླ་ཡོན་མི་རེར་སྔར་ཡོད་ཀྱི་སྒོར240ནས་སྒོར600ལ་འཕར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག