མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཅུ་གཉིས་པའི་མཚོ་བསྐོར་ལྕགས་རྟ་འགྲན་སྡུར་དེ་ཧེ་ཧུའུ་ལུས་རྩལ་ལྟེ་གནས་མགོ་རྩོམ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་གཉིས་པའི་མཚོ་བསྐོར་ལྕགས་རྟ་འགྲན་སྡུར་དེ་ཟི་ལིང་གྲོང་ཁྱེར་གྱི་ཧེ་ཧུའུ་ས་ཁུལ་གསར་བའི་ལུས་རྩལ་ལྟེ་གནས་ནས་གཟབ་རྒྱས་ཚོགས་མགོ་རྩོམ་རྒྱུ་རེད། སྤྱི་ཟླ6པའི་ཚེས18ཉིན། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་གྲོས་ཚོགས་བསྡུས་ནས། མཚོ་བསྐོར་ལྕགས་རྟ་འགྲན་སྡུར་གྱི་མགོ་རྩོམ་པའི་མཛད་སྒོ་དང་ཟི་ལིང་ལ་བསྐོར་ར་རྒྱུག་པའི་འགྲན་སྡུར་བཅས་ཀྱི་བྱ་བ་སྣ་ཚོགས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཤེས་པ་ལྟར་ན། ད་ལོའི་མཚོ་བསྐོར་ལྕགས་རྟ་འགྲན་སྡུར་དེ་སྤྱི་ཟླ7པའི་ཚེས7ཉིན་ནས་ཚེས20ཉིན་བར་མཚོ་སྔོན་ནས་འགྲན་སྡུར་བྱེད་རྒྱུ་རེད། མཚོ་བསྐོར་ལྕགས་རྟ་འགྲན་སྡུར་གྱི་མགོ་རྩོམ་པའི་མཛད་སྒོ་དེ་ཧེ་ཧུའུ་ས་ཁུལ་གསར་བའི་ལུས་རྩལ་ལྟེ་གནས་ནས་སྤེལ་རྒྱུ་རེད།རབ་མཛེས་མཚོ་སྔོན་དང་བསིལ་གྲོང་ཟི་ལིང་གི་ས་གཤིས་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་གང་ལེགས་སྒོས་མཚོན་པར་བྱེད་པ་དང་། མཚོ་བསྐོར་ལྕགས་རྟ་འགྲན་སྡུར་ལ་བརྟེན་ནས་ཟི་ལིང་གྲོང་ཁྱེར་གྱི་སྣང་བརྙན་སྔར་ལས་དྲིལ་སྒྲོག་བྱེད་པ། བསིལ་གྲོང་ཟི་ལིང་གི་མཚན་སྙན་དང་ཤན་ཤུགས་ཧུར་ཐག་སྒོས་ཇེ་ཆེར་གཏོང་བ། ལྕགས་རྟ་འགྲན་སྡུར་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་པ་བཅས་བྱེད་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ཆེད་དུ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ལྕགས་རྟ་འགྲན་སྡུར་གྱི་མགོ་རྩོམ་པའི་མཛད་སྒོ་དང་ཟི་ལིང་ལ་བསྐོར་བ་རྒྱག་པའི་འགྲན་སྡུར་བྱ་བའི་འགན་འཁུར་བ་དང་། འགྲན་སྡུར་གྱི་མཁོ་སྤྲོད་དང་བདེ་འཇགས། འགྲིམ་འགྲུལ་བཅས་ཀྱི་བྱ་བར་ཁག་ཐེག་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག