མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་མོ་བྱེད་པའི་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:56

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་མོ་བྱེད་པའི་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་ནན་ཏན་སྒོས་ཀྲུང་དབྱང་གི་མགོ་ཁྲིད་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོའི་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་མོ་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ཐད་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པའི་ཐད་རེ་བ་བཏོན།

ལོ་ཡུས་ལིན་གྱིས་བསྟན་དོན། དེང་སྐབས་ཛ་དྲག་ཆེ་བའི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་མདུན་དུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ་འགན་འཁུར་པ་གཙོ་བོས་དངོས་སུ་བཀོད་སྒྲིག་བྱས་ནས་འགན་འཁྲི་དང་དུ་ལེན་དགོས། སྔར་ལས་ལྷག་པའི་སྒོ་ནས་ངོས་ཟིན་ཇེ་མཐོར་གཏོང་བ་དང་གནས་བབ་ལ་ངོས་འཛིན་བྱས་ནས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་དམ་འཛིན་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་བྱ་བའི་འགན་འཁྲིའི་རང་བཞིན་དང་དགོས་གཏུག་རང་བཞིན་ཇེ་དྲག་ཏུ་བཏང་སྟེ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོ་དམ་ལ་ཤུགས་སྣོན་པ། ལྟ་རྟོག་ནན་མོ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་བྱ་བའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཡང་དག་པའི་སྒོ་ནས་བདེ་འཇགས་དང་འཕེལ་རྒྱས་གཉིས་བར་གྱི་འབྲེལ་བ་ཐག་གཅོད་བྱས་ནས་ཚན་རིག་ལྟར་ཐོན་སྐྱེད་དང་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བ་གཉིས་ཟུང་དུ་འབྲེལ་ཏེ་ཏན་ཏིག་སྒོས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག