མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕུན་གྱིས་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོར་ཐུག་འཕྲད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:35

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་གྱིས་སོ་སོར་ཉིས་སྟོང་བཅུ་གསུམ་ལོའི་ཀྲུང་གོའི་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥང་ཨེ་ཆིན་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏེན་ཡེ་ཞན། ཀྲུང་གོར་སྡོད་པའི་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེན་མོ་མཱ་སུའུ་ཏི་ཁ་ལེ་ཏི་དང་འཛམ་གླིང་ལག་འཐག་ས་གདན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁུའུ་ཁི་སོགས་ལ་ཐུག་འཕྲད་བྱས།

ཐུག་འཕྲད་བྱེད་སྐབས། ཧའོ་ཕུན་གྱིས་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་རྣམས་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་ལ་ཞུགས་པར་དགའ་བསུ་ཞུས་པ་དང་། ཚོང་དོན་པུའུ་དང་བོད་རང་སྐྱོང་ལྗོངས། ཕ་ཁི་སི་ཐན་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ས་གདན་འགྲེམ་སྟོན་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་རགས་བསྡུས་ཙམ་བྱས་རྗེས། ཧའོ་ཕུན་གྱིས་བཤད་རྒྱུར། མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་ནི་རྒྱལ་ཡོངས་སུ་ཚད་གཞི་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་ལ། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཆེས་ཆེ་བའི་ས་གདན་ཐོན་ལས་ཀྱི་འགྲེམ་སྟོན་ཞིག་ཡིན། ལོ་ངོ་བཅུ་ལྷག་གི་འབད་བརྩོན་ཆེན་པོ་བརྒྱུད་ནས་བོད་ཀྱི་ས་གདན་འགྲེམ་སྟོན་དེ་རྒྱལ་ཁབ་སོ་སོའི་ས་གདན་ཟོང་རྟགས་ཀྱི་འགྲེམ་སྟོན་ཆེན་པོ་ཞིག་ཏུ་གྱུར་ཞིང་། ས་གདན་ལས་རིགས་ཀྱི་འབྲེལ་ལམ་དང་བརྗེ་རེས་ཆེན་པོ་ཞིག་དང་མི་རིགས་རིག་གནས་ཕན་ཚུན་འདྲེས་པར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་པས། སྟོབས་དང་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་བར་སྣེ་ཁྲིད་བྱས་ཟེར།

མཱ་སུའུ་ཏི་ཁ་ལེ་ཏི་ལ་ཐུག་འཕྲད་བྱེད་སྐབས་ཧའོ་ཕུན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་མཛའ་བརྩེ་འབྲེལ་བ་རྒྱུན་རིང་ཞིང་། ཕ་ཁི་སི་ཐན་ནི་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་ས་གདན་འགྲེམ་སྟོན་ཁྲོད་ཧུར་བརྩོན་སྒོས་ཞུགས་བཞིན་ཡོད་པས་མཚོ་སྔོན་ཞིང་ཆེན་གྱིས་ཕ་ཁི་སི་ཐན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་དང་ཕ་ཁི་སི་ཐན་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་མང་པོའི་ཐད་ཕན་འབྲས་ལྡན་པའི་སྒོ་ནས་བརྗེ་རེས་དང་མཉམ་ལས་བྱེད་ཀྱིན་ཡོད། མཚོ་སྔོན་ཞིང་ཆེན་གྱིས་བོད་ཀྱི་ས་གདན་འགྲེམ་སྟོན་གྱི་སྟེགས་བུ་ཆེན་པོ་འདི་བརྒྱུད་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཆུ་ཚད་དེ་སྔར་ལས་ལྷག་པའི་སྒོ་ནས་མཐོར་འདེགས་སུ་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས་པ་དང་ད་ལོའི་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་བསྒྲུབས་པར་རྟེན་འབྲེལ་ཞུས་པར་མ་ཟད། ལོ་འདི་འགའི་རིང་གི་བོད་ཀྱི་ས་གདན་འགྲེམ་སྟོན་གྱི་གཞི་ཁྱོན་དང་རིམ་པ། ཁོར་ཡུག་སོགས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཚུ་ཚད་ལ་ཚད་མཐོན་པོས་གདེང་འཇོག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག