མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་བློ་མཐུན་ལིག་ཡུན་ཧྲན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:35

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཚེས20ཉིན་བློ་མཐུན་ལིག་ཡུན་ཧྲན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏིས་མ་ཅ་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གཉིས་ཀ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས་ཅི་ཏིས་མ་ཅ་ཡིས་བཤད་རྒྱུར། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་ཤུགས་ཆེན་པོས་རིག་གནས་དམངས་འཚོ་བཟོ་སྐྲུན་ལག་བསྟར་བྱས་ནས། མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་ལ་འགན་སྲུང་བྱེད་དགོས་པ་དང་། ཡང་དག་མཛུབ་སྟོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ལ་རིག་གནས་ཐོན་རྫས་སྔར་ལས་མང་པོ་ཞིག་གསར་སྐྲུན་བྱེད་དགོས་ལ། ཤུགས་ཆེན་པོས་རིག་གནས་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་རོང་འབྲོག་མང་ཚོགས་ལ་རིག་གནས་ཐད་ནས་དབུལ་ཐར་ཕྱུག་བསྒྱུར་གྱི་བགྲོད་ལམ་ཞིག་འཚོལ་ཞིབ་བྱེད་དགོས་པ་དང་། ཕུན་སུམ་ཚོགས་པའི་མང་ཚོགས་ཀྱི་རིག་གནས་བྱ་འགུལ་སྤེལ་ནས། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་ཡོངས་སུ་བསྐོང་དགོས་པར་མ་ཟད། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་ནས་རིག་གནས་འཛུགས་སྐྲུན་ཐད་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཀྲང་ཅན་མེན་གྱིས་བཤད་རྒྱུར། བློ་མཐུན་ལིག་ཡུན་ཧྲན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དེ་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། རིག་གནས་ལས་དོན་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་པ་དང་། རིག་རྩལ་གྱི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་པའི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས་ལ། གཞི་རིམ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། གཞི་རིམ་གྱི་རིག་གནས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་འཛུགས་སྐྲུན་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག