མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡན་ཅིན་ཧེ་ཡིས་རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་འགོག་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:35

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས19ཉིན་ནས20ཉིན་བར། མཚོ་སྔོན་ཞིང་ཆེན་ཆུ་ལོག་དང་ཐན་འགོག་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་གུང་ཧོ་དང་ཁྲི་ཀ གཅན་ཚ། དཔའ་ལུང་བཅས་རྫོང་བཞི་རུ་སོང་ནས་མཚོ་སྔོན་གྱི་རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་ལོག་འགོག་པའི་བྱ་བར་རྟོག་ཞིབ་བྱས་པ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་བེད་བཟོ་སྐྲུན་གསར་སྤེལ་ལས་གཞིའི་འཛུགས་སྐྲུན་ལ་མཛུབ་སྟོན་བྱས།

ཡན་ཅིན་ཧེ་ཡིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དེ་ཆུ་ལོག་འགོག་པ་དང་གནོད་སེལ་བྱ་བའི་ལས་འགན་གཙོ་བོར་བཞག་ནས། ཆུ་ལོག་འགོག་པའི་བསམ་བློ་ཇེ་བརྟན་དུ་གཏོང་བ་ལས་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་བེད་ཕྱོགས་བསྡུས་གསར་སྤེལ་ལས་གཞིའི་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་བཟོ་སྐྲུན་བདེ་འཇགས་ཐད་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱས་ཏེ། སྤུས་ཀ་དང་བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བཟོ་སྐྲུན་གྱི་ལས་རིམ་ཇེ་མགྱོགས་སུ་བཏང་ནས། བཟོ་སྐྲུན་དེར་སྔ་མོ་ནས་ཕན་འབྲས་འདོན་སྤྲོད་བྱེད་དུ་འཇུག་དགོས་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་སའི་གསར་སྤེལ་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་བེད་ཕྱོགས་བསྡུས་གསར་སྤེལ་ལས་གཞི་ལ་བརྟེན་ནས། ཧུར་ཐག་གིས་ཆེད་ལས་མཉམ་ལས་ཁང་ལ་རོགས་འདེགས་དང་ཞིང་སའི་འཁོར་རྒྱུག་ཇེ་མགྱོགས་སུ་བཏང་ནས། ཁྱད་ཆོས་ཅན་གྱི་ཞིང་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག