མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུའི་སྣེ་ལེན་གསོལ་སྟོན་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:35

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས20ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་རྣམ་རྒྱལ་མགྲོན་ཁང་ནས2013ལོའི་ཀྲུང་གོ་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་སྣེ་ལེན་གསོལ་སྟོན་དང་བྱ་དགའ་སྟེར་བའི་དགོང་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏེན་ཡ་ཞན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་བཅས་ཀྱིས་ལོ་བཅུའི་རིང་ལ་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུའི་ཐད་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་མཚོ་སྔོན་བོད་ལུག་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཀྲང་ཧིན་ཝེ་དང་། འཛམ་གླིང་ལག་འཐག་ས་གདན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁུའུ་ཁི། རྒྱ་གར་ས་གདན་ཕྱིར་གཏོང་ཡར་སྐུལ་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་ཀིར་བཅས་ལ་སོ་སོར་བྱ་དགའ་གནང་།

2004ལོར་ཀྲུང་གོ་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་བསྒྲུབས་པ་ནས་ད་ལྟའི་བར་ལོ་བཅུ་འགོར་བ་དང་། ལོ་བཅུའི་རིང་གི་འཕེལ་རྒྱས་བརྒྱུད་ནས། བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་དེ་རྒྱལ་ནང་གི་ཆེས་རྒྱལ་སྤྱི་ཅན་དང་ཁྱད་ཆོས་ཅན། མིང་གྲགས་ཅན། ཆེད་ལས་ཅན་བཅས་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་གྱུར་བས། རྒྱལ་སྤྱིའི་ལག་འཐག་ས་གདན་ལས་རིགས་ཀྱི་མཚན་སྙན་ཆེན་པོ་ཐོབ་པར་མ་ཟད། མཚོ་སྔོན་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་རབ་མཛེས་མཚོ་སྔོན་དྲིལ་སྒྲོག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར།

འགྲེམ་སྟོན་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་དང་ས་ཁུལ་སོ་གཅིག་དང་། རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་སུམ་ཅུ་ལྷག་གི་འཐུས་མི་སྣེ་ལེན་གསོལ་སྟོན་ལ་ཞུགས། ལོ་བཅུའི་རིང་ལ་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུའི་ཐད་ལ་བྱས་རྗེས་བཟང་བོ་བཞག་པའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱེད་ཆེད། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་མི་སེམས་འགུག་པའི་བྱ་དགའ་དང་སྒེར་སེམས་མེད་པའི་བྱས་རྗེས་བྱ་དགའ། མཉམ་ལས་བྱས་རྗེས་བྱ་དགའ་བཅས་ཆེད་དུ་བཀོད་སྒྲིག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག