ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། སྤྱི་ཟླ5བར་མཚོ་སྔོན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་གཙོ་བོའི་ཁྲོད། ཁ་སྣོན་ཚད་མཐོ་བའི་རྒྱུ་ཆ་གསར་བ་དང་ཁྱད་ལྡན་ཐོན་རྫས་ཐོན་ཚད་ན་ནིང་གི་དུས་མཉམ་ལས་མགྱོགས་མྱུར་ངང་གོང་དུ་འཕར། དེའི་ནང་ཤེལ་གཟུགས་ཀུའེ་ལྡབ1.4འཕར་བ་དང་། ཧ་ཡང་རྒྱུ་ཆ93.8%འཕར། འོད་དང་གློག་ཆས་ཐོན་རྫས་ལྡབ1.5འཕར་ཞིང་གསེར36.5%འཕར་ཡོད། ཁོར་ཡུག་སྦག་བཙོག་སྔོན་འགོག་ཆེད་སྤྱོད་སྒྲིག་ཆས76.9%དང་ལུད་རྫས་དངོས་ཟོག38.5%འཕར། ལག་བཟོས་ས་གདན་དང་འགེལ་གདན་ལྡབ1.3དང་འཕྲུལ་འཐག་ས་གདན་དང་འགེལ་གདན95.3%འཕར་ཡོད། །