མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་བརྟན་འཇགས་སྲུང་སྐྱོབ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-20 11:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་སྲུང་སྐྱོབ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཅོན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།

ཝང་ལིན་ཅོན་གྱིས་ནན་གྱིས་བསྟན་དོན། བདེ་འཇགས་འཛུགས་སྐྲུན་ལ་བརྟེན་ནས་བརྟན་འཇགས་སྲུང་སྐྱོབ་བྱ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་འཇགས་སྲུང་སྐྱོབ་བྱ་བ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ས་ཁུལ་འཛུགས་པའི་ནང་དོན་གལ་ཆེན་ཏུ་བརྩིས་ནས། སྤྱི་ཚོགས་ཀྱི་འགལ་བ་མེད་པར་གཏོང་བ་དང་། སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པ། མགོ་ཁུངས་ནས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་བཅས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་སྟེ། ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་འཇགས་སྲུང་སྐྱོབ་བྱ་བ་གཞི་གཅིག་ཅན་དུ་བསྒྱུར་བ་དང་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་འཇགས་སྲུང་སྐྱོབ་བྱ་བའི་ཡུན་རིང་ལ་གོ་ཆོད་པའི་ལམ་ལུགས་འཛུགས་སྐྲུན་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་འཇགས་སྲུང་སྐྱོབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཆ་འཕྲིན་ཅན་བཅས་སུ་བསྒྱུར་བའི་ཆ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།

ཝང་ལིན་ཅོན་གྱིས་ནན་གྱིས་བཤད་རྒྱུར། མགོ་ཁུངས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་བྱ་བ་བཟང་བོར་སྒྲུབ་སྟེ་བདེ་འཇགས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུས་གཞི་རིམ་གྱི་སྟོབས་ཤུགས་ཇེ་ཆེར་དང་གཞི་རིམ་གྱི་གསོན་ཤུགས་སྐུལ་སློང་བྱེད་པ། གཞི་རིམ་གྱི་འཐབ་འཛིང་ནུས་པ་ཇེ་ཆེར་བཏང་ནས། བདེ་འཇགས་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་པ་དང་། སྤྱི་ཚོགས་བརྟན་འཇགས་ལ་ཁག་ཐེག་བྱེད་པར་ནུས་པ་ལྡན་པའི་སྒོ་ནས་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཁུལ་དང་གྲོང་ཁྱེར། ས་ཁུལ་བཅས་སོ་སོའི་ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། བརྟན་འཇགས་སྲུང་སྐྱོབ་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། རྫོང་དང་གྲོང་ཁྱེར། ཁུལ་བཅས་ཀྱི་བརྟན་འཇགས་སྲུང་སྐྱོབ་བྱ་བའི་གཙོ་འགན་ཁུར་བའི་ཧྲུའུ་ཅི་གཞོན་པ་དང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོགས་དུས་ཡུན་ཉིན7རིང་གི་གསོ་སྦྱོང་ལ་ཞུགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག