མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་གྱིས་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཧི་ཞི་ཁོས་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་གྱིས་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཧི་ཞི་ཁོས་སོགས་ལ་ཐུག་འཕྲད་བྱས།

ཧའོ་ཕུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧི་ཞི་ཁོས་སོགས་ལ་དགའ་བསུ་ཞུས། ཐུག་འཕྲད་བྱེད་སྐབས། ཧི་ཞི་ཁོས་ཀྱིས་ཧའོ་ཕུན་ལ་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱིས་གནམ་གྲུང་ཐང་འཛུགས་སྐྲུན་དང་མཁའ་སྐྱོད་ཐོན་ལས། ཁེ་ལས་དོ་དམ། ཟི་ལིང་གནམ་གྲུ་ཐང་གི་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་སོགས་ཐད་ཀྱི་གནས་ཚུལ་ཡར་ཞུ་རགས་ཙམ་བྱས། ཧའོ་ཕུན་གྱིས་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱིས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱིས་ཤུགས་ཆེན་པོས་རོགས་སྐྱོར་བྱས་འོག ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་མགྱོགས་པོ་བྱུང་ནས། འགྲུལ་བ་སྐྱེལ་འདྲེན་དང་དངོས་པོ་སྐྱེལ་འདྲེན། གནམ་གྲུ་གཏོང་ཐེངས་བཅས་མངོན་གསལ་སྒོས་ཇེ་མང་དུ་སོང་། ཟི་ལིང་གནམ་གྲུ་ཐང་གིས་ཐོན་སྐྱེད་བདག་གཉེར་དང་བདེ་འཇགས་ཐོན་སྐྱེད། སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན། དོ་དམ་ཆུ་ཚད་བཅས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་ཟེར།

ཧའོ་ཕུན་གྱིས་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱིས་བྱ་བའི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། མཚོ་སྔོན་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་དང་ལས་རིགས་གཙོ་གཉེར་སྡེ་ཁག་གི་རྒྱབ་སྐྱོར་ཧུར་ཐག་སྒོས་བརྩོན་ལེན་བྱས་ཏེ། སྟོབས་ཤུགས་ཡོད་དགུས་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མཁའ་ལམ་དྲ་རྒྱ་སྒྲིག་སྟངས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་ལས་དོན་སྔར་ལས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།

ཧི་ཞི་ཁོས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ལ་སེམས་ཁུར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱིས་མཚོ་སྔོན་གྱི་དམངས་སྐྱོད་མཁའ་འགྲུལ་ལས་དོན་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་རོགས་སྐྱོར་བྱས་ནས། མཚོ་སྔོན་ཚན་རིག་ལྟར་འཕེལ་རྒྱས་དང་མཆོང་སྐྱོད་སྒོས་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་གལ་ཆེན་འདོན་སྤྲོད་བྱེད་རྒྱུའི་ཚུལ་བསྟན།

ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་གིས་མཉམ་དུ་ཐུག་འཕྲད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག