མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་གློག་བརྙན་ཐོག་མ་དང་དབང་བོ་སྐྱོན་ཅན་གྱི་སྤྱི་ཕན་གཏམ་རྒྱུད«དགེ་རྒན་ལག་རྡུམ»ཞེས་པའི་གློག་བརྙན་ལ་བལྟས་རྗེས་ཀྱི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཟློས་གར་ཁང་ནས་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས18ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་གློག་བརྙན་ཐོག་མ་དང་དབང་བོ་སྐྱོན་ཅན་གྱི་སྤྱི་ཕན་གཏམ་རྒྱུད«དགེ་རྒན་ལག་རྡུམ»ཞེས་པའི་གློག་བརྙན་ལ་བལྟས་རྗེས་ཀྱི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཟློས་གར་ཁང་ནས་བསྡུས་པ་དང་། དགེ་རྒན་མཱ་ཧྥུའུ་ཞིན་གྱི་རླབས་ཆེན་བྱས་རྗེས་ཀྱིས་ལས་ཁུངས་དང་སློབ་གྲྭ་ནས་ཡོང་བའི་ལྟ་མཁན་སྟོང་གཅིག་ལྷག་ལ་སེམས་འགུལ་ཐེབས་སུ་བཅུག མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མ་ཅས་གློག་བརྙན་ལ་བལྟས་པ་མ་ཟད་གཏམ་བཤད། ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་ཐོག་མ་ཡིན་པའི་ཆ་ནས། «དགེ་རྒན་ལག་རྡུམ»ཞེས་པ་དེ་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་སློབ་ཆུང་གི་དགེ་རྒན་མཱ་ཧྥུའུ་ཧེ་ཡི་སེམས་འགུལ་ཐེབས་པའི་ལོ་རྒྱུས་ལྟར་ཕབ་བསྐྲུན་བྱས་པ་རེད། ཁོ་རང་དབང་བོ་མི་ཚང་བའི་ཞང་སྡེའི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཆུང་དུས་ནས་སྤྱི་ཚོགས་ལ་བྱས་རྗེས་སྔར་ལས་ཆེན་པོ་བཞག ཁོའི་སྙིང་སྟོབས་དེས་ཀྲུང་གོའི་ཕུགས་བསམ་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད་དུ་མཱ་ཧྥུའུ་ཧེ་ཡིས་ཁོའི་དུས་རྒྱུན་གྱི་འབད་པ་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་གི་དམིགས་འབེན་མངོན་འགྱུར་བྱས་པས། ལུས་ཕུང་བདེ་ཐང་ཡིན་པའི་མི་ཞིག་གིས་ཀྱང་སྒྲུབ་དཀའ་བའི་དོན་དག་ཅིག་བསྒྲུབས་པས། དགེ་རྒན་མཱ་ཧྥུའུ་ཧེ་ནི་དུས་རབས་འདིའི་ངོ་གནོང་མི་དགོས་པའི་དཔའ་བོ་ཞིག་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག