མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་ཀྱི་གསར་འགྱུར་དཔེ་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་ནས་གྲངས་ཉུང་མི་རིགས་གསར་འགྱུར་དཔེ་སྐྲུན་གྱི་ཤར་རླུང་བཟོ་གྲྭའི་སྐོར་སྐྱོད་དཔེ་ཚོང་རླངས་འཁོར་སྟེར་བའི་མཛད་སྒོ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་ཞིན་ཧྭ་དཔེ་ཁང་སོ་གསུམ་ལ་སྐོར་སྐྱོད་དཔེ་འཚོང་རླངས་འཁོར་བྱིན་ནས། མཚོ་སྔོན་གྱི་རོང་འབྲོག་ཁུལ་དུ་རིག་གནས་དྲ་ཚིགས་ཉུང་བ་དང་། དཔེ་ཆ་གཞི་རིམ་དུ་སྐྱེལ་དཀའ་བའི་གནས་བབ་ཇེ་ལེགས་སུ་བཏང་།

མཚོ་སྔོན་གྱི་གྲངས་ཉུང་མི་རིགས་གསར་འགྱུར་དཔེ་སྐྲུན་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཆེད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། རྒྱལ་ཁབ་ཀྱིས་གཅིག་གྱུར་རྩ་འཛུགས་བྱས་ཏེ་འཐབ་ཇུས་འཕེལ་རྒྱས་ཀྱི་དོན་སྙིང་ལྡན་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་གསར་འགྱུར་དཔེ་སྐྲུན་ཤར་རླུང་བཟོ་སྐྲུན་གྱི་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱས་ཏེ། མི་རིགས་ཡི་གེའི་དཔེ་སྐྲུན་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ཀྱི་བརྒྱུད་སྒྲོག་ནུས་ཤུགས་ཇེ་ཆེར་གཏོང་བ། གཞི་རིམ་དྲིལ་སྒྲོག་འགྲེམ་སྤེལ་ནུས་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་ལས་གཞིའི་ཐད་ལ་རྒྱབ་སྐྱོར་བྱས། ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་སྡེ་ཚོགས་ཀྱི་ལས་གཞི་གསུམ་འཆར་འགོད་འདིའི་ཁྲོད་བཞག་པ་དང་། མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་དྲུག་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག