མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འཛམ་གླིང་གི་ས་གདན་ཐོན་སྐྱེད་རྒྱལ་ཁབ་གཙོ་བོ་བདུན2013ལོའི་མཚོ་སྔོན་ས་གདན་འགྲེམ་སྟོན་ལ་ཞུགས་རྒྱུ་ཡིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-19 11:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས18ཉིན། གསར་འགོད་པས་ཀྲུང་གོ་བོད་ཀྱི་ས་གདན་མཐུན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ས་གདན་འགྲེམ་སྟོན་ཚོགས་འདུ་ལ་ཐུར་ཁེ་རྒྱལ་ཁབ་ཐེངས་དང་པོར་ཞུགས་རྒྱུ་ཡིན་པ་དང་། དེ་བས་འཛམ་གླིང་གི་ས་གདན་ཐོན་སྐྱེད་རྒྱལ་ཁབ་གཙོ་བོ་བདུན་མཚོ་སྔོན་ཟི་ལིང་དུ་མཉམ་འཛོམས་བྱུང་རྒྱུ་རེད།

མིག་སྔའི་བར་དུ། ཐེངས་འདིའི་འགྲེམ་སྟོན་ལ་ཕ་ཁི་སི་ཐན་དང་ཧིན་རྡུ། དབྱི་རག ཨ་ཧྥུ་ཧན། བལ་བོ། འཇར་མན། ཐུར་ཁེ། མོང་གོལ་རྒྱལ་ཁབ་སོགས་རྒྱལ་ཁབ9ཡི་ཁེ་ལས110ལྷག་འགྲེམ་སྟོན་ལ་ཞུགས་རྒྱུ་ཡིན་པ་དང་། ཨ་རི་དང་ཁ་ན་ཏ། འཇར་མན། དབྱིན་ཇི། ཨོ་སུ་ཁྲུ་ལི་ཡ། འཇར་པན་སོགས་རྒྱལ་ཁབ་དང་ས་ཁུལ30ཡི་ཉོ་སྡུད་ཚོང་བ་འགྲེམ་སྟོན་ལ་ཞུགས་རྒྱུ་ཡིན་པས་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་ཞིང་། ཚོད་དཔག་ལྟར་ན་འགྲེམ་སྟོན་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཚོང་བ300ལྷག་ཡོད།

ཐེངས་འདིའི་འགྲེམ་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཚོང་བ་འགུག་པའི་བྱ་བ་ལེགས་པོར་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གོ་བོད་ཀྱི་ས་གདན་མཐུན་ཚོགས་ཀྱིས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། འཆར་གཞི་ཞིབ་ཚགས་དང་སྔ་མོ་ནས་བཀོད་སྒྲིག་བྱས་ཤིང་། འགན་འཁྲི་ལ་ཤུགས་སྣོན་དང་དངོས་འབེབས་གཙིགས་སུ་བཟུང་བས། མིག་སྔར་ཕྱི་རྒྱལ་གྱི་ཚོང་འགུག་འགྲེམ་ཞུགས་ཀྱི་བྱ་བ་ཚང་མ་གྲ་སྒྲིག་བྱས་ཚར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག