མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕུན་གྱིས2013ལོའི་བོད་ཀྱི་ས་གདན་འགྲེམ་སྟོན་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-19 11:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་གིས་དོ་སྣང་བྱེད་པའི2013ལོའི་ཀྲུང་གོ་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ཚེས་ཉི་ཤུ་ཉིན་འཚོགས་རྒྱུ་རེད། སྤྱི་ཟླ6པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་ཞིང་ཆེན་ཚོང་དོན་ཐིན་དུ་སོང་ནས་ཚོང་དོན་བྱ་བ་དང་ཐེངས་འདིའི་བོད་ཀྱི་ས་གདན་འགྲེམ་སྟོན་བྱེད་པའི་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྐབས་བཅུ་བའི་བོད་ཀྱི་ས་གདན་འགྲེམ་སྟོན་བྱེད་པའི་ཚོགས་འདུ་མི་འགྱང་བར་འཚོགས་རྒྱུ་ཡིན་པས། ཕྱོགས་སོ་སོས་གཅིག་གྱུར་གྱི་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ་སྟོབས་ཤུགས་ཡོད་ཚད་ཀྱིས་ཐེངས་འདིའི་བོད་ཀྱི་ས་གདན་འགྲེམ་སྟོན་དེ་སྔར་ལས་ལྷག་པའི་སྒོ་ནས་བཟང་བོར་བསྒྲུབ་དགོས་ཟེར།

ཧའོ་ཕུན་གྱིས་བཤད་རྒྱུར། བོད་ཀྱི་ས་གདན་འགྲེམ་སྟོན་དེ་བསྟུད་མར་སྐབས་བཅུ་ལ་བསྒྲུབས་པ་དང་ཕྱོགས་སོ་སོས་དེའི་ཐད་ལ་འབད་པ་ཆེན་པོ་བྱས་ནས་ད་ལྟ་བོད་ཀྱི་ས་གདན་འགྲེམ་སྟོན་དེས་ང་ཚོའི་བོད་ཀྱི་ས་གདན་ལས་རིགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་བཞིན་པ་མ་ཟད། མང་ཚོགས་ཀྱི་ཡོང་སྒོ་ཡང་ཇེ་མང་དུ་བཏང་བས་སྤྱི་ཚོགས་ལས་རིགས་སོ་སོའི་ཁས་ལེན་ཐོབ་ཡོད། ཐེངས་འདིའི་བོད་ཀྱི་ས་གདན་འགྲེམ་སྟོན་བྱ་བ་བསྒྲུབ་སྐབས་རྩ་འཛུགས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཕྱོགས་སོ་སོའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱེད་པ་དང་། གནད་ས་འབུར་དུ་ཐོན་པ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བོད་ཀྱི་ས་གདན་འགྲེམ་སྟོན་བདེ་བླག་ངང་སྤེལ་དགོས་ཟེར།

གསར་འགོད་པས་ཚེས་བཅུ་བདུན་ཉིན་ཚོགས་པའི2013ལོའི་བོད་ཀྱི་ས་གདན་འགྲེམ་སྟེན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་དེ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་སྟོན་ཁང་ཀ་བ་དང་ཁ་བ་རུ་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་བསྡོམས་པས་རྒྱལ་སྤྱིའི་ཚད་ལྡན་གྱི་འགྲེམ་སྟོན་སྟེགས་བུ་བརྒྱད་བརྒྱ་འཛུགས་རྒྱུ་རེད།

མིག་སྔའི་བར་དུ་ཕ་ཁི་སི་ཐན་དང་རྒྱ་གར་སོགས་རྒྱལ་ཁབ་བརྒྱད་ཀྱི་ཁེ་ལས་བརྒྱ་དང་བཅུ་འགྲེམ་སྟོན་ལ་ཞུགས་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་དང་ཁ་ན་ཏ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་བ་ཡང་འགྲེམ་སྟོན་ལ་ཞུགས་རྒྱུ་རེད། རྒྱལ་ནང་གི་པེ་ཅིན་དང་ཐེན་ཅིན། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར། ལྗོངས་བཅས་ཉི་ཤུ་ལྷག་གི་ཁེ་ལས་བརྒྱ་དང་སུམ་ཅུ་འགྲེམ་སྟོན་ལ་ཞུགས་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག