ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཡུལ་ཤུལ་ལ་ས་འགུལ་གྱི་གནོད་འཚེ་ཐེབས་ནས་དུས་ཡུན་ལོ་གསུམ་ལ་བསྐྱར་འཛུགས་བྱས་པ་བརྒྱུད་རྗེས། ཁུལ་དང་རྫོང་ཏང་སྲིད་ལས་ཁུངས་ཀྱི་བསྐྱར་འཛུགས་བཟོ་སྐྲུན་མགོ་བརྩམས་པ་འཕྱི་ཞིང་བརྒྱ་ཆའི་དྲུག་ཅུའི་ས་ཁོངས་གྲོན་ཆུང་བྱས་པ་དང་། སྨན་ཁང་དང་སློབ་གྲྭ་སོགས་སྤྱི་སྤྱོད་སྒྲིག་ཆས་སྔ་མོ་ནས་བཀོལ་སྤྱོད་བྱས། འདི་ནི་ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འ་ཛུགས་འཆར་འགོད་ལ་འགན་འཁུར་བའི་ཀྲུང་གོ་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་གླིང་གི་མགོ་གཙོ་གཞོན་པ་དབྱང་པའོ་ཅོན་གྱིས་ཚེས་བཅོ་ལྔ་ཉིན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། གྲོན་ཆུང་བྱས་པའི་ས་ཞིང་ཐོག་མར་སློབ་གྲྭ་དང་སྨན་ཁང་སོགས་སྤྱི་སྤྱོད་དམངས་འཚོའི་སྒྲིག་ཆས་ཐད་དུ་བཀོལ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བཟོ་སྐྲུན་ཁྲོད་དམངས་འཚོའི་སྒྲིག་ཆས་ཕྱོགས་སུ་ས་ཞིང་མུའུ་སྟོང་གཅིག་དང་དགུ་བརྒྱ་སོ་ལྔ་བཀོལ་བའི་འཆར་གཞི་འཐེན་པ་དེ་ས་འགུལ་གནོད་འཚེའི་སྔོན་གྱི་ལྡབ་གསུམ་དང་གྲངས་ཆུང་བཞི་ཡིན།
ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་ཐོག་མཐའ་བར་གསུམ་དུ་སྤྱི་སྤྱོད་སྒྲིག་ཆས་དང་སྡོད་དམངས་ཀྱི་འདུག་ཁང་དེ་གཙོ་བོར་བཟུང་ནས་མང་ཚོགས་ཀྱི་འདོད་བློར་བརྩི་བཀུར་གང་ལེགས་བྱས་པ་དང་། ཐོག་མར་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བསམ་གཞིགས་བཏང་ནས“ལོ་གསུམ་གྱི་བསྐྱར་འཛུགས”དང“ལོ་ངོ་ཉི་ཤུའི་མཆོང་སྐྱོད”ཅེས་པ་ཕལ་ཆེར་མངོན་འགྱུར་བྱས། །