མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་གཉིས་པའི་ཆི་ལེན་རྩྭ་ཐང་ཡུལ་སྲོལ་རིག་གནས་གནས་སྐོར་དུས་ཆེན་འགོ་རྩོམ་ལ་ཉེ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-06-18 09:31

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་སྒང་གི་དབྱར་དུས་ལ་ཆི་ལེན་རྩྭ་ཐང་མཛེས་སྡུག་གི་གང་སར་ཁྱབ་ཡོད། 2013ལོའི་སྤྱི་ཟླ6པའི་ཚེས22ཉིན་ནས་སྤྱི་ཟླ8པའི་ཚེས10ཉིན་བར། ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་སྟེ་ཆི་ལེན་རྩྭ་ཐང་ཡུལ་སྲོལ་རིག་གནས་གནས་སྐོར་དུས་ཆེན་སྤེལ་རྒྱུ་ཡིན་པ་དང་། མཚོ་སྔོན་ཆི་ལེན་གྱི་ཆེས་མཛེས་ཤིང་བརྗིད་ཆགས་པའི་རང་བྱུང་ཡུལ་ལྗོངས་དང་མིས་བཟོས་མཛེས་ལྗོངས། ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་བཅས་འཛམ་གླིང་གི་སྤྱན་སྔར་འགྲེམ་རྒྱུ་རེད། །

ཆི་ལེན་མཛེས་ལྗོངས།

    རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རིག་གནས་གནས་སྐོར་དུས་ཆེན་དུས་ཡུན་ཟླ་གཉིས་རིང་སྤེལ་རྒྱུ་ཡིན་ལ། བྱ་འགུལ་གྱི་ནང་དོན་ལ་རིགས་ཆེན་མོ12སུ་བགར་ཡོད་དེ། དེའི་ནང་ཞིང་ཆེན་རིམ་པའི་ཤུལ་བཞག་རིག་གནས་ཨ་རིག་གླུ་ཤགས་འགྲན་བསྡུར་དང་སྒོ་མེ་རྩེད་རིག་འཁྲབ་སྟོན། ལ་གཞས་འགྲན་ཚོགས། སྐོར་བྲོ་འཁྲབ་སྟོན། མི་རིགས་དམངས་ཁྲོད་མདའ་རྩལ་འགྲན་བསྡུར། ཆི་ལེན་ཡུལ་ལྗོངས་ཀྱི་པར་ལེན་འགྲེམ་སྟོན། ཧེ་རིགས་རིག་གནས་འགྲེན་སྟོན། ཟས་རིགས་འགྲེམ་སྟོན། གངས་འཁྱག་འགོ་རྩལ་འགྲན་ཚོགས་དང་རིག་གནས་ཐོན་ལས་ཐོན་རྫས་འགྲེམ་སྟོན་སོགས་བྱ་འགུལ་ནང་དོན་སྣ་མང་སྤེལ་རྒྱུ་རེད། །       

ཨ་མེས་སྟོང་སོ།

ཆི་ལེན་ཤྭ་ར། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག