མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་རིན་གོང་སྙོམས་སྒྲིག་དང་ཚོད་འཛིན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་གིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་རིན་གོང་སྙོམས་སྒྲིག་དང་ཚོད་འཛིན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས། ཚོགས་ཐོག་ནས་ཉེ་ལམ་ཞིང་ཆེན་ཡོངས་ཀྱི་རིན་གོང་སྙོམས་སྒྲིག་དང་ཚོད་འཛིན་བྱ་བ་ཁྱབ་སྒྲོག་བྱས་པ་དང་། ཚོང་རའི་རིན་གོང་གནས་བབ་ལ་དབྱེ་བཞི་བྱས་པར་མ་ཟད། གོམ་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན། ད་ལོའི་རིན་གོང་སྙོམས་སྒྲིག་དང་ཚོད་འཛིན་བྱ་བའི་ལས་འགན་ལྗིད་པས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ད་ལྟ་དངོས་གོང་གི་གནས་བབ་ལ་ཡང་དག་པའི་སྒོ་ནས་ཚོད་དཔག་བྱེད་དགོས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ནུས་ལྡན་བྱེད་ཐབས་བེད་སྤྱད་དེ། ད་ལོའི་དངོས་གོང་གི་དམིགས་ཚད་ཚོད་འཛིན་བྱེད་རྒྱུ་དེ་སྔོན་དཔག་དམིགས་འབེན་ནང་དུ་སླེབས་པར་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྙོམས་སྒྲིག་ཚོད་འཛིན་བྱ་བ་གཙོ་བོ་འབུར་དུ་ཐོན་པར་བྱས་ཏེ། སྟོབས་ཤུགས་ཡོད་དགུས་གཤམ་གྱི་བྱ་བ་ལྔ་བཟང་བོར་སྒྲུབ་དགོས་པ་སྟེ། གཅིག་ནས་སྔོ་ཚོད་འདེབས་པའི་བཟོ་སྐྲུན་མྱུར་དུ་ལག་བསྟར་བྱེད་དགོས་པ་དང་། གཉིས་ནས་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་ཉོ་ཚོང་བྱ་བ་འབྲེལ་མཐུད་བཟང་བོ་བྱེད་དགོས། གསུམ་ནས་ཚོང་རའི་རིན་གོང་ལྟ་ཞིབ་ཚད་ལེན་དང་ཚོང་ར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས། བཞི་ནས་དཀའ་ཁག་མང་ཚོགས་ཀྱི་འཚོ་བར་ཧ་ཅང་མཐོང་ཆེན་བྱེད་དགོས། ལྔ་ནས་ཚོང་རྫས་མྱུར་དུ་གསོག་འཇོག་དང་ཚོང་ར་འཛུགས་སྐྲུན་བྱེད་དགོས་པ་བཅས་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག