མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕུན་གྱིས་ཞང་ཀང་དང་ཐེ་ཝན་གྱི་ཚོང་མགྲོན་ལ་ཐུག་འཕྲད་བྱས་པ།  

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧའོ་ཕུན་གྱིས་སོ་སོར་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སུ་ཞུགས་པའི་ཐེ་ཝན་བཟོ་ཚོང་འཛུགས་སྐྲུན་ཚོགས་པའི་ལས་འཛིན་མགོ་གཙོ་ལོས་ཙུའུ་ཀང་སོགས་དང་ཞང་ཀང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཀྲིན་ཡོ་ཐང་སོགས་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཚོ་སྔོན་དང་ཐེ་ཝན། མཚོ་སྔོན་དང་ཞང་ཀང་གི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མཚོ་སྔོན་སོགས་མཚམས་སྦྱོར་དང་དྲིལ་སྒྲོག་བྱེད་ཤུགས་རྒྱ་སྐྱེད་པའི་ཐད་ནས་མཛའ་བརྩེ་ལྡན་པའི་ངང་གླེང་མོལ་བྱས།

ཐུག་འཕྲད་བྱེད་སྐབས་ཧའོ་ཕུན་གྱིས་ཞང་ཀང་དང་ཐེ་ཝན་གྱི་ཚོང་མགྲོན་རྣམས་ཀྱིས་ལྔ་བའི་ཚེས་ལྔའི་དུས་ཆེན་ལ་ཡང་མ་རོལ་བར་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་པ་དང་། ཐེ་ཝན་བཟོ་ཚོང་འཛུགས་སྐྲུན་ཞིབ་འཇུག་ཚོགས་པ་དང་ཞང་ཀང་བཟོ་ཚོགས་མཉམ་འབྲེལ་ཚོགས་པས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མཐོང་ཆེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པར་མ་ཟད། ཁོ་ཚོར་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་སྟོབས་ཐོན་ཁུངས་གསར་སྤེལ་གྱི་གནས་ཚུལ། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མདོར་བསྡུས་སྒོས་མཚམས་སྦྱོར་བྱས། ཧའོ་ཕུན་གྱིས་བཤད་རྒྱུར། དུས་ཡུན་རིང་བོར། ཐེ་ཝན་བཟོ་ཚོང་འཛུགས་སྐྲུན་ཞིབ་འཇུག་ཁང་དང་ཞང་ཀང་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྟེང་གི་ཁྱད་ཆོས་དང་ཐབས་ལམ་འདོན་སྤེལ་གང་ལེགས་བྱས་ནས་ཞང་ཀང་དང་ཐེ་ཝན་གྱིས་ནང་ལོགས་ཀྱི་ཉོ་ཚོང་ཐད་ལ་འབྲེལ་འདྲིས་དང་བརྗེ་རེས། མཉམ་ལས་བཅས་བྱེད་པའི་མཐུན་རྐྱེན་སྐྲུན་པར་ཧ་ཅང་གལ་ཆེ་བ་དང་ཐུན་མོང་མ་ཡིན་པའི་ནུས་བ་འདོན་སྤེལ་བྱས་ཟེར། ཧའོ་ཕུན་གྱིས་བསྟན་དོན། ནུབ་རྒྱུད་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་སོགས་བོད་ཁུལ་གྱི་ཚན་རིག་འཕེལ་རྒྱས་དང་མཆོང་སྐྱོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཆེད། ཀྲུང་དབྱང་གིས་དམིགས་བསལ་དང་རོགས་སྐྱོར་བྱེད་པའི་སྲིད་ཇུས་མང་པོ་གཏན་འཁེལ་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་རྒྱབ་རྟེན་འདོན་སྤྲོད་བྱས་པ་དང་། མཚོ་སྔོན་གྱི་རྗེས་མཐུད་ཁྱད་སྟོབས་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པས་ཐེ་ཝན་དང་ཞང་ཀང་གཏོགས་པའི་ས་གནས་སོ་སོའི་ཁེ་ལས་བས་མ་དངུལ་བཏང་ནས་གསར་སྐྲུན་བྱེད་པའི་གནས་མཆོག་ཞིག་ཏུ་གྱུར་འདུག་ཅེས་བསྟན།  

ཧའོ་ཕུན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་དང་ཞང་ཀང་། ཐེ་ཝན་བཅས་ས་ཁུལ་གྱིས་རྒྱུན་ཆད་མེད་པར་རྒྱུས་ལོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་། ཉོ་ཚོང་ཐད་དུ་རྒྱུན་ཆད་མེད་པར་ཤུགས་བསྣན་པས་བརྗེ་རེས་དང་མཉམ་ལས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གྱུར། དེས་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོས་ནས་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིངས། ཧའོ་ཕུན་གྱིས་ཞང་ཀང་དང་ཐེ་ཝན་ས་ཁུལ་ལ་སྔོན་ཐོན་གྱི་ཁེ་ལས་དོ་དམ་བྱེད་པའི་འདུ་ཤེས་དང་ལག་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་ཁྱབ་སྟོབས་ཡོད་པས། དེ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཚོ་སྔོན་ལ་མཚོན་ན་མདུན་རྒྱ་ཡངས་པའི་མཉམ་ལས་ཀྱི་བར་གསེང་དང་འོད་སྟོང་ལྡན་པའི་མཉམ་ལས་ཀྱི་མདུན་ལྗོངས་ཡོད། ཞང་ཀང་དང་ཐེ་ཝན་གྱི་ཚོང་མགྲོན་རྣམས་ཀྱིས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་མཚམས་སྦྱོར་བྱེད་དགོས་པར་མ་ཟད། སྔར་སོར་རྒྱུན་མཐུད་སྒོས་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན།

ལོས་ཙུའུ་ཀང་དང་ཀྲིན་ཡོ་ཐང་སོགས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་མཐོང་ཆེན་བྱས་་དང་བྱས་པ་དང་། ཧྲིན་ཀྲང་གིས་བཏོན་པའི་གྲོས་གཞིར་གཟེངས་བསྟོད་བྱེད་པའི་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག