མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོའི་བྱེ་གླིང་མཛེས་ལྗོངས་ས་ཁུལ་ལ་མེ་འཁོར་ཤར་གཏོང་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། སྤྱི་ཟླ6པའི་ཚེས16ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མེ་འཁོར་ལྗོངས་རྒྱུའི་རིགས་ཀྱི་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་པ་དང་། མཚོ་སྔོན་པོའི་བྱེ་གླིང་མཛེས་ལྗོངས་ས་ཁུལ་ལ་འགྲོ་བར་སྔར་ལས་ཀྱང་སྟབས་བདེ་བཟོས་ཡོད། མགྲོན་པོའི་པ་སེ་མངག་ཉོ་བྱས་རྗེས་མེ་འཁོར་ལ་བསྡད་ནས་བྱེ་གླིང་གི་མཛེས་ལྗོངས་ལ་ལྟ་རུ་སོང་ཆོག

མཚོ་སྔོན་པོའི་གླིང་ཆེན་མཆེ་བ་དང་། བྱ་གླིང་། བྱེ་གླིང་། ལྷ་མོ་ཁུགས་མཛེས་ལྗོངས་ས་ཁུལ་བཅས་ནི་མིག་སྔར་མཚོ་སྔོན་པོའི་མཛེས་ལྗོངས་ཆེན་མོ་བཞི་ཡིན་ལ། མཛེས་ལྗོངས་ཁུལ་སོ་སོར་རང་རང་གི་ཁྱད་ཆོས་ཡོད་ལ། བྱེ་གླིང་མཛེས་ལྗོངས་ས་ཁུལ་དུ་མགྲོན་པོ་ཚང་མས་བག་ཕེབས་ངང་མཛེས་ལྗོངས་ལ་རོལ་མྱོང་བྱས་ཆོག གཞན་ད་རུང་། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་མཚོ་སྔོན་པོ་ནས་བྱེ་གླིང་བར་གྱི་མེ་འཁོར་ཤར་གཏོང་བྱས་པ་བརྒྱུད། མགྲོན་པོའི་མཛེས་ལྗོངས་ས་ཁུལ་དུ་ཐེངས་འདིའི་བྱེ་གཟུགས་དུས་ཆེན་གྱི་ལས་གཞི་སྣ་ཚོགས་ཁྲོད་ཞུགས་ནས་སྤྲོ་གསེང་གི་བྱ་འགུལ་སྤེལ་ཆོག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག