མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་གི་རིགས་སོ་སོའི་འགན་སྲུང་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-06-14 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། དངོས་གནས་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་གྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོར་དང་འགན་སྲུང་ཚད་གཞི། དངོས་ཟོག་རིན་གོང་ཇེ་མཐོར་སོང་བ་སོགས་ཀྱི་མཉམ་སྦྲེལ་ལམ་ལུགས་ལ་ཟུང་སྦྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་རིགས་སོ་སོའི་འགན་སྲུང་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཐག་བཅད། ཚད་གཞི་གསར་བ་དེ2013ལོའི་སྤྱི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་རྩོམ་རྒྱུ་རེད།

མིག་སྔར། ཞིང་ཆེན་ཡོངས་སུ་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་གྱི་མི་གྲངས་ཁྲི63(གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་ཁྲི23དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་ཁྲི40)ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་ཁྱིམ་ཐོ་ཡོད་པའི་མི་གྲངས་ཀྱི11.3%ཟིན་ཡོད། ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ནི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་རེར་ཟླ་རེར་སྒོར310ཡིན་ལ་ད་ལྟ་སྒོར330ལ་ཇེ་མཐོར་བཏང་ཡོད་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་གྱི་མི་རེར་ལོ་རེར་སྒོར1924ནས་སྒོར2044ལ་ཇེ་མཐོར་བཏང་ཡོད།

སྔར་ལས་ལྷག་པའི་སྒོ་ནས་དམིགས་བསལ་དཀའ་ངལ་མང་ཚོགས་ཀྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་ཆེད། མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་བའི་དུས་མཚུངས་སུ་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་གི་རིགས་སོ་སོའི་འགན་སྲུང་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་ཡོད་པ་སྟེ། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་ཁྲོད་ཀྱི“སྡོད་ཁང་དང་གཉོར་སྐྱོང་བྱེད་མཁན། འཚོ་བའི་ཡོང་ཁུངས་བཅས་མེད་པའི”རྒན་རྒོན་དང་དབང་བོ་སྐྱོན་ཅན། དུས་ཡུན་རིང་བོར་ནད་གཞི་ལྗིད་མོ་ཕོག་པའི་ནད་པ། ལོ70ཡན་གྱི་བགྲེས་སོང་བཅས་ལ་མི་རེར་ཟླ་རེར་སྒོར20ནས་སྒོར40ལ་ཇེ་མཐོར་བཏང་ཞིང་། ལོ60ནས69བར་གྱི་བགྲེས་སོང་དང་ཕ་མ་ཁེར་ཧྲེང་ཁྱིམ་ཚང་གི་ཁྱིམ་མི་ལ་མི་རེར་ཟླ་རེར་སྒོར10ནས་སྒོར20ལ་ཇེ་མཐོར་བཏང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་ཁྲོད་ཀྱི་ལོ60ཡན་གྱི་བགྲེས་སོང་དང་དབང་བོ་སྐྱོན་ཅན། དུས་ཡུན་རིང་བོར་ནད་གཞི་ལྗིད་མོ་ཕོག་པའི་ནད་པ་ལ་མི་རེར་ལོ་རེར་སྒོར100ནས་སྒོར200ལ་ཇེ་མཐོར་བཏང་། འདི་ནི་ཞིང་ཆེན་ཡོངས་ཀྱིས2005ལོ་དང2007ལོར་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་གྱི་རིགས་སོ་སོའི་འགན་སྲུང་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པའི་ཚུན། ཐོག་མར་འགན་སྲུང་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ་ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག